分享按钮

ཧྲོའར་ཁྲིམས་ཁང་གིས་རྒྱལ་དམངས་སྟོབས་ཤུགས་ཏང་གི་ཚོགས་འདུ་འཚོགས་ནས་སྲིད་འཛིན་གྱི་འོས་མི་བསྐྱར་དུ་འདེམས་ཆོག་པར་བཤད།

ཚེས་9ཉིན། ལྷོ་ཁོ་རེ་ཡའི་ཧྲོའར་ལྷོ་རྒྱུད་ས་གནས་ཁྲིམས་ཁང་གིས་ཅིན་ཝུན་ཀྲུའུ་ཡིས་རྒྱལ་དམངས་སྟོབས་ཤུགས་ཏང་གི་སྲིད་འཛིན་གྱི་འོས་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་རེ་ཞུ་ཕྱིར་སློག་བྱས་ནས་རྙིང་ཞེན་ཏང་ཤོག་དེས་སླར་ཡང་ཚོགས་ཆེན་འཚོགས་ནས་མཐའ་མའི་སྲིད་འཛིན་གྱི་འོས་མི་གཏན་འཁེལ་བྱེད་ཆོག་ཅེས་བཤད་པ་རེད།

ཚེས་3ཉིན།ངལ་རྩོལ་བློན་ཆེན་ཟུར་པ་ཅིན་ཝུན་ཀྲུའུ་ལ་ཏང་ནང་ཁུལ་གྱི་ཐོག་མའི་འདེམས་བསྐོ་བརྒྱུད་ནས་རྒྱལ་དམངས་སྟོབས་ཤུགས་ཏང་གི་སྲིད་འཛིན་གྱི་འོས་མིའི་མིང་འདོན་ཐོབ་མོད། འོན་ཀྱང་ཏང་ནང་ཁུལ་གྱི་མཐོ་རིམ་མི་སྣས་འོས་མི་དེའི་ཐད་སྔར་བཞིན་ཕྱོགས་འགལ་ཡོད་པ་རེད། ཚེས་2ཉིན་སྲིད་འཛིན་ལས་ཚབ་ཟུར་པ་དང་རྒྱལ་དོན་སྲིད་བློན་ཧན་ཏེ་ཀྲུའུ་ཡིས་ཏང་ཤོག་གི་མིང་མེད་པའི་མི་སྣའི་ཐོབ་ཐང་ཐོག་ནས་སྲིད་འཛིན་འདེམས་བསྐོའི་ནང་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་དམངས་སྟོབས་ཤུགས་ཏང་གི་མཐོ་རིམ་པས་ཅིན་དང་ཧན་གཉིས་ཟླ་སྒྲིལ་གྱིས་འདེམས་བསྐོའི་ནང་ཞུགས་ནས་རྒྱལ་ཁ་ཐོབ་ཚད་ཆེ་རུ་གཏོང་རྒྱུའི་བླང་བྱ་བཏོན་པ་རེད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-11 6 6 拉萨日报藏文 c200819.html 1 ཧྲོའར་ཁྲིམས་ཁང་གིས་རྒྱལ་དམངས་སྟོབས་ཤུགས་ཏང་གི་ཚོགས་འདུ་འཚོགས་ནས་སྲིད་འཛིན་གྱི་འོས་མི་བསྐྱར་དུ་འདེམས་ཆོག་པར་བཤད། /enpproperty-->