分享按钮

ཞི་ཅིན་ཕིང་གིས་ཁག་སོ་སོར་རྒྱལ་ཁབ་མང་པོའི་ འགོ་ཁྲིད་དང་མཇལ་མོལ་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མོ་སི་ཁོར་སུའུ་ལེན་གྱི་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རིང་སེར་ཝེའི་སྲིད་འཛིན་ཝུའུ་ཆི་ཆི་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་ན་ནིང་གི་ཟླ་5པར་ངས་སེར་ཝེར་གྲུབ་འབྲས་ཐོབ་པའི་ངང་རྒྱལ་དོན་འཚམས་འདྲི་བྱས་པ་ཡིན། ལོ་གཅིག་རིང་དུས་རབས་གསར་པའི་ཀྲུང་སེར་ལས་དབང་གཅིག་མཐུན་ཚོགས་པ་གཏོད་འགོ་ཡག་པོ་ཚུགས་པ་དང་གྲུབ་འབྲས་ཐོབ་པ་ཚང་མས་མཐོང་གསལ་རེད། འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་གི་འཕེལ་རིམ་མགྱོགས་སུ་འགྲོ་བ་དང་།ཉེན་ཁ་དང་འགྲན་སློང་སྣ་མང་གཅིག་ཐོག་གཅིག་བརྩེགས་འཕྲད་ཡོད་པས་ཀྲུང་སེར་རྒྱལ་ཁབ་གཉིས་པོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་། བློ་རྩེ་གཅིག་སྒྲིམ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ། གྲོགས་པོ་བློས་ཐུབ་ཀྱི་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། གཉིས་ཁེ་མཉམ་ལས་ཟབ་ཏུ་གཏོང་བ། ཀྲུང་སེར་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སར་ཝེ་ཕྱོགས་དང་འཐབ་ཇུས་འབྲེལ་གཏུག་ཟབ་ཏུ་གཏོང་བ་དང་། ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་དོན་དང་མ་འཇོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། འབྲེལ་ཡོད་རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ། དཔེ་སྟོན་གྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས་གཉིས་ཁེ་གཉིས་ཕན་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ལོ་80ཡི་གོང་། ཀྲུང་གོའི་མི་དམངས་དང་སར་ཝེའི་མི་དམངས་ཀྱིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ནང་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་གཡུལ་སར་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་ཀྱིས་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། འཛམ་གླིང་ཞི་བདེ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་གྲུབ་འབྲས་ལ་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གསུངས་གནང་བ་རེད།

ཝུའུ་ཆི་ཆིས་ཀྲུང་གོ་ནི་སེར་ཝེའི་ཆེས་རྩ་ཆེའི་གྲོགས་པོ་ཞིག་ཡིན་པས་སེར་ཝེར་ཐོག་མཐའ་བར་གསུམ་དུ་སྒེར་སེམས་མེད་པའི་རྒྱབ་སྐྱོར་དང་རོགས་རམ་བྱས་ནས་སེར་ཝེའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་རམ་འདེགས་བྱས་ཡོད། སེར་ཝེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་ཐོག་མཐའ་བར་གསུམ་དུ་ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། སེར་ཝེ་ཕྱོགས་ཀྱིས་ཀྲུང་གོ་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་བྱེད་རྒྱ་ཆེ་རུ་བཏང་ནས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་སེར་ཝེར་མ་འཇོག་ལས་དར་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-11 6 6 拉萨日报藏文 c200809.html 1 ཞི་ཅིན་ཕིང་གིས་ཁག་སོ་སོར་རྒྱལ་ཁབ་མང་པོའི་ འགོ་ཁྲིད་དང་མཇལ་མོལ་གནང་བ། /enpproperty-->