ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་9ཉིན་གྱི་ཕྱི་དྲོ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཧྭ་ནེང་བོད་ལྗོངས་ཡར་ཀླུང་གཙང་པོའི་ཆུ་གློག་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལག་བསྟར་ཏུང་ཧྲི་ལི་ཁྲའོ་དབྱི་དང་བཅས་པར་བཞུགས་མོལ་གནང་ཞིང་།ཕྱོགས་གཉིས་པོས་ནུས་རྒྱུ་གཙང་མའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་སྤེལ་རེས་དང་ངོ་འཕྲད་གྲོས་མོལ་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཁྲུན་དབྱང་དང་། ལུའུ་ཚུང་ཧྥུ།ཧྭ་ནེང་ཡར་ཀླུང་གཙང་པོའི་ཆུ་གློག་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིའི་ཡན་ཏུང་དང་།ལིའུ་ཧྥུང་།ཀྲང་རེན་ཅུན་བཅས་བཞུགས་མོལ་ནང་ཞུགས་ཡོད་པ་རེད།
ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ལི་ཁྲའོ་དབྱི་དང་བཅས་པར་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社