ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ།ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན།ཨུ་རུ་སུས་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་འཚོགས་ནས་སུའུ་ལེན་གྱི་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུས་པ་རེད།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འཛམ་གླིང་གི་རྒྱལ་ཁབ་20ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུཊ་ཀྱི་འགོ་ཁྲིད་པ་གདན་ཞུས་ལྟར་རྟེན་འབྲེལ་མཛད་སྒོར་ཞུཊ་པ་རེད།
ཟླ་5པར་མོ་སི་ཁོ་རུ་ལྗང་མདོག་གིས་བརྒྱན་ཞིང་།མེ་ཏོག་རབ་ཏུ་བཞད་ཡོད།རྒྱལ་ཁའི་ཉིན་མོར་དར་ལྕོག་ལྷབ་ལྷུབ་ཏུ་གཡོ་བ་དང་རྔམ་བརྗིད་ལྡན་པའི་ཐང་ཆེན་དམར་པོར་བརྗིད་ཉམས་ལྡན་པའི་རྣམ་པས་ཁེངས།
ཞི་ཅིན་ཕིང་ཕོ་བྲང་ཁེ་ལི་མུའུ་ལིན་དུ་ཕེབས་ནས་དེ་གར་ཕེབས་བསུ་ཞུ་བཞིན་པའི་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་རེད།དེ་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིང་མཉམ་དུ་ཐང་ཆེན་དམར་པོར་ཕེབས་ནས་རང་ངོས་ཀྱི་གུས་ལུགས་སྟེགས་བུར་ཕེབས་པ་རེད།
ཆུ་ཚོད་10པ་ཏག་ཏག་ལ་ཕོ་བྲང་ཁེ་ལི་མུའུ་ལིན་གྱི་ཅོང་སྒྲ་གྲགས་པ་དང་བསྟུན་ནས་རྟེན་འབྲེལ་མཛད་སྒོ་འགོ་ཚུགས་པ་རེད།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社