分享按钮

གྲོང་ཁྱེར་སེམས་དྲོད་ཀུང་སིས་ཞིབ་བཤེར་དང་དྲིལ་བསྒྲགས་སློབ་གསོ་གཉིས་ལ་བརྟེན་ནས་འབར་རླངས་ཀྱི་བདེ་འཇགས་ཕྱོགས་ཡོངས་ནས་ལེགས་སུ་བཏང་བ།

གྲོང་ཁྱེར་སེམས་དྲོད་ཀུང་སིས་ཞིབ་བཤེར་དང་དྲིལ་བསྒྲགས་སློབ་གསོ་གཉིས་ལ་བརྟེན་ནས་འབར་རླངས་ཀྱི་བདེ་འཇགས་ཕྱོགས་ཡོངས་ནས་ལེགས་སུ་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འདི་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིའི་འབར་རླངས་ཚ་ཤུཊ་ཚད་ཡོད་འགན་འཁྲི་ཀུང་སིས(གཤམ་དུ་གྲོང་ཁྱེར་སེམས་དྲོད་ཀུང་སི་ཞེས་བསྡུ་རྒྱུ)ཐོན་སྐྱེད་བདེ་འཇཊ་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། འབར་རླངས་སྤྱོད་པའི་བདེ་འཇཊ་ཀྱི་ཞིབ་བཤེར་ལས་དོན་ནན་ཏན་ངང་སྤེལ་བ། ཁོངས་གཏོཊ་ཁུལ་གྱི་འབར་རླངས་འཛད་སྤྱོད་པར་བདེ་འཇཊ་ཐད་ཞིབ་བཤེར་དང་དྲིལ་བསྒྲགས་བྱས་ཏེ། ཆེས་བློ་ཐག་ཆོད་པའི་རྣམ་འགྱུར་དང་བླང་བྱ་ནན་ཤོས་ཀྱི་ཐོག་ནས་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པ་དང་། མངོན་མེད་རྐྱེན་ངན་བཅོས་སྒྲིག་དང་ཐར་པར་གཏན་ནས་མི་གཏོང་བ། འབར་རླངས་ཀྱི་ལས་འཛོལ་སྣ་ཚོཊ་ཐོན་རྒྱུར་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇཊ་ཐད་འགན་ལེན་ཏན་ཏིག་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་དང་། བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད།

གྲོང་མི་མིན་པའི་ཚོང་དུད་ཀྱི་འབར་རླངས་སྤྱོད་ཚད་ཅུང་མང་བ་དང་། འབར་རླངས་སྤྱོད་ཡུལ་གྱི་དུད་ཚང་དག་བལྟོས་བཅས་ཀྱི་གཅིག་སྡུད་ཡིན་པ། འབར་རླངས་སྤྱོད་པའི་བདེ་འཇགས་ཀྱི་བླང་བྱ་ཅུང་མཐོ་བ། བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ངང་འབར་རླངས་སྤྱོད་པའི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་སོགས་ཧ་ཅང་གལ་ཆེན་པོ་ཡིན་ཞིང་། ཉིན་ཤས་གོང་། གསར་འགོད་པ་གྲོང་ཁྱེར་སེམས་དྲོད་ཀུང་སིའི་ལས་དོན་པའི་རྗེས་སུ་འབྲངས་ནས་གླང་རུ་ཐང་ཆེན་དུ་བསྐྱོད་ཅིང་། འདི་གར་ཟ་ཁང་དང་ཚོང་ཁང་སོགས་གཅིག་སྡུད་ཐོག་གནས་ཡོད་པས་ལས་དོན་པ་ཟ་ཁང་དང་ཚོང་ཁང་ཚང་མར་བསྐྱོད་དེ་ཆེད་ལས་སྒྲིག་ཆས་ལ་བརྟེན་ནས་ཐབ་ཚང་གི་འབར་རླངས་ཀྱི་མདོང་ལམ་ལ་ཞིབ་བཤེར་ཞིབ་ཚགས་བྱས་པ་དང་། མདོང་ལམ་རྙིང་པ་ཆགས་ཡོད་མེད་དང་དེ་བཞིན་འབྲེལ་མཐུད་བྱེད་ས་ལྷུག་ཏུ་ཕྱིན་ཡོད་མེད་སོགས་ལ་ལྟ་ཞིབ་བྱས་པ་དང་སྦྲགས། ད་དུང་འབར་རླངས་ཀྱི་སྟེམ་སྒོ་དང་ཐབ་ཀ་སོགས་ཀྱི་སྒྲིག་ཆས་ལ་ཞིབ་བཤེར་བྱས་ནས་སྒྲིག་ཆས་དེ་དག་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་པ་རེད།

ཞིབ་བཤེར་བྱེད་རིང་། ལས་དོན་པས་བཀོལ་སྤྱོད་བྱེད་ཞོར་དུ་ཟ་ཁང་དང་ཚོང་ཁང་ནང་གི་ལས་དོན་པར་རྒྱུན་གཏན་གྱི་ཞིབ་བཤེར་གྱི་གཙོ་གནད་དང་དོ་སྣང་བྱ་ཡུལ་ཐད་འགྲེལ་བཤད་བརྒྱབ་ཏེ། ཚང་མར་གཞི་རྩའི་བདེ་འཇགས་ཀྱི་ཤེས་བྱ་ཁོང་དུ་ཆུད་པར་བྱས་པ་རེད། དེ་དང་ཆབས་ཅིག་ད་དུང་ཟ་ཁང་དང་ཚོང་ཁང་ནང་གི་ལས་དོན་པར་འབར་རླངས་བདེ་འཇགས་ཀྱི་དྲིལ་བསྒྲགས་ལག་དེབ་སྤྲད་པ་དང་སྦྲགས།དོན་དངོས་ཀྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ་ཚང་མས་འབར་རླངས་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་པ་རེད། ཞིབ་བཤེར་བྱེད་རིང་།ཤེས་རྟོགས་བྱུང་བའི་མངོན་མེད་རྐྱེན་ངན་དག་ལ་དམིགས་ནས་ལས་དོན་པས་ཡུལ་དངོས་སུ་ཟ་ཁང་དང་ཚོང་ཁང་གི་འགན་འཁུར་བ་དང་འབྲེལ་གཏུགས་བྱས་ཏེ་དག་ཐེར་གྱི་གྲོས་འགོ་བཏོན་ནས་དུས་བཀག་ནང་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཟ་ཁང་ག་གེ་མོའི་འགན་འཁུར་བ་ལིའུ་ཧའེ་པོས་གྲོང་ཁྱེར་སེམས་དྲོད་ཀུང་སིའི་ལས་དོན་པས་རྟག་ཏུ་ང་ཚོའི་ཟ་ཁང་དུ་ཡོང་ནས་ཞིབ་བཤེར་བྱེད་ཀྱི་འདུག ཟ་ཁང་ནང་ཉིན་ལྟར་མི་མང་པོ་ཡོད་པས་གནས་ཚུལ་ཐོན་ཚེ་མཇུག་འབྲས་ངན་པ་ཐོན་སྲིད་པས་ཁོང་ཚོས་འགན་ཡག་པོ་འཁུར་གྱི་འདུག ཁོང་ཚོས་དུས་ཐོག་ཏུ་མངོན་མེད་རྐྱེན་ངན་མཐའ་དག་ལ་གྲལ་བཤེར་བྱས་པ་དང་དག་ཐེར་གྱི་གྲོས་འགོ་བཏོན་པར་མ་ཟད། ད་དུང་ངང་རྒྱུད་རིང་པོས་ང་ཚོར་ཚད་ལྡན་ངང་བཀོལ་སྤྱོད་བྱ་རྒྱུར་མཛུབ་ཁྲིད་བྱེད་ཀྱི་འདུག་པས་ད་ཆ་ཟ་ཁང་ནང་གི་བདེ་འཇགས་ཀྱི་སྟོན་གྲངས་ཆེས་ཆེར་འཕར་བས། ང་ཚོས་གཉེར་སྐྱོང་བྱེད་སྐབས་དེ་བས་བློ་བདེ་བ་དང་། སྐུ་མགྲོན་ཚོས་ཀྱང་བློ་བདེ་པོས་བཟའ་བཏུང་བྱེད་ཆོག་པ་འདུག་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་སེམས་དྲོད་ཀུང་སིས་འབར་རླངས་བདེ་འཇགས་སྐོར་གྱི་རིམ་ཁག་སྲིད་གཞུང་དང་ལས་རིགས་གཙོ་གཉེར་ཚན་པའི་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། འབར་རླངས་བདེ་འཇགས་ལ་གནོད་པའི་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། འདི་ལོའི་ཚུན་དུ། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་དང་། སྨན་ཁང་། ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་སོགས་གྲོང་མི་མིན་པའི་འཛད་སྤྱོད་པར་རྒྱུན་རྣམ་ཅན་གྱི་བདེ་འཇགས་ཐད་ཞིབ་བཤེར་ཐེངས་621བྱས་ནས་རིམ་རྩིས་བྱས་ན་སྤྱིར་བཏང་གི་མངོན་མེད་རྐྱེན་ངན་24གྲལ་བཤེར་ཐུབ་ཡོད། ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས་ཀུང་སིས་གདུབ་ཟུམ་རྣམ་པའི་དོ་དམ་ལམ་སྲོལ་བཙུགས་ཏེ་ཡུལ་དངོས་སུ་དག་ཐེར་དང་རྗེས་འདེད་ལྟ་སྐུལ་སོགས་ཀྱི་བྱ་ཐབས་བརྒྱུད་མངོན་མེད་རྐྱེན་ངན་ལ་དག་ཐེར་བྱེད་ཚད་བརྒྱ་ཆ་100ཟིན་ནས་འབྱུང་རྩ་ནས་་བདེ་འཇགས་ཀྱི་ཉེན་ཁ་སེལ་ཐུབ་པར་བྱས་ཡོད།

གྲོང་ཁྱེར་སེམས་དྲོད་ཀུང་སིའི་ཚོང་ཤག་ཞབས་ཞུ་པུའི་ཅིང་ལི་གཞོན་པ་མི་འགྱུར་ལྷུན་གྲུབ་ཀྱིས་ཕྱིས་འབྱུང་།ང་ཚོས་གྲོང་མི་མིན་པའི་ཚོང་པ་སོཊ་ཀྱི་འབར་རླངས་བདེ་འཇགས་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། གྲལ་བཤེར་གྱི་ཁྱབ་ཁོངས་ཆེ་རུ་གཏོང་བ། གཙོ་གནད་ས་ཁོངས་ལ་དམིགས་པ།ལེབ་བཤེར་རྣམ་པའི་ཐོག་ནས་ཞིབ་བཤེར་ཐེངས་མང་བྱེད་པ། རིག་ནུས་ཞིབ་དཔྱད་ཚད་ལེན་གྱི་སྒྲིག་ཆས་སྤྱད་དེ་མངོན་མེད་རྐྱེན་ངན་ལ་གནད་འཁེལ་དབྱེ་འབྱེད་བཅས་བྱ་རྒྱུ་ཡིན། ཤེས་རྟོགས་བྱུང་བའི་གནད་དོན་ལ་རྩིས་ཐོ་ཅན་གྱི་དོ་དམ་བྱས་ནས་དག་ཐེར་གྱི་འགན་འཁུར་བ་དང་དུས་བཀག་ཁ་གསལ་བཟོ་རྒྱུ་དང་།དུས་བཀག་ལྟར་སླར་ཡང་ལྟ་ཞིབ་བྱེད་པའི་ལས་དོན་སྤེལ་ནས་མངོན་མེད་རྐྱེན་ངན་བསྐྱར་དུ་མི་ཐོན་པའི་འགན་ལེན་བྱ་རྒྱུ་དང་སྦྲགས། འབར་རླངས་སྤྱོད་མཁན་དང་འབྲེལ་གཏུགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ངང་འབར་རླངས་སྤྱོད་པའི་ཤེས་བྱ་ཁྱབ་གདལ་དུ་གཏོང་རྒྱུ་དང་། སྤྱོད་མཁན་གྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ།

གྲལ་བཤེར་དང་། དག་ཐེར། དྲིལ་བསྒྲགས། སློབ་གསོ་རྒྱག་པ་བཅས་ཕྱོགས་མང་པོའི་ཐད་ནས་ཤུགས་སྣོན་བརྒྱབ་སྟེ་གྲོང་མི་མིན་པའི་འབར་རླངས་སྤྱོད་མཁན་གྱི་འབར་རླངས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-07 6 6 拉萨日报藏文 c200679.html 1 གྲོང་ཁྱེར་སེམས་དྲོད་ཀུང་སིས་ཞིབ་བཤེར་དང་དྲིལ་བསྒྲགས་སློབ་གསོ་གཉིས་ལ་བརྟེན་ནས་འབར་རླངས་ཀྱི་བདེ་འཇགས་ཕྱོགས་ཡོངས་ནས་ལེགས་སུ་བཏང་བ། /enpproperty-->