分享按钮

ངས་གྲོང་ཁྱེར་འཕེལ་རྒྱས་གཏོང་ཆེད་ཐབས་ཇུས་འདོན་རྒྱུ་ཡིན་ཞེས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ།

པར་འདི་ནི་བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གཞོན་ནུ་ཏང་ཡོན་གྱི་སྟོབས་ཤུགས་གཅིག་སྡུད་དང་།ཚང་མས་གྲོང་ཁྱེར་འཕེལ་རྒྱས་གཏོང་ཆེད་བསམ་འཆར་དང་ཐབས་ཇུས་འདོན་པ།ལས་སྒྲུབ་ལས་གཏོད་བྱེད་པའི་སྤྲོ་སེམས་ལ་སྐུལ་སློང་བཅས་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཁང་ལས་ཁུངས་ཏང་ཨུད་དང་གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་ལས་ཁུངས་ཏང་ཀྲི་པུའུ་གཉིས་ཀྱིས་མཉམ་འབྲེལ་ཐོག་ངས་གྲོང་ཁྱེར་འཕེལ་རྒྱས་གཏོང་ཆེད་ཐབས་ཇུས་འདོན་རྒྱུ་ཡིན་ཞེས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་།གཞོན་ནུ་ཏང་ཡོན་ཚོས་དང་ཐོག་ལྷ་ས་གྲོང་ཁྱེར་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་དང་མཐའ་ཡས་མེ་ཏོག་མཛེས་བཟོའི་གསོ་སྐྱོང་ལྟེ་གནས་ཀྱི་གསར་གཏོད་པ་བློ་བཟང་སྒྲོལ་མས་མཉམ་སྤྱོད་བྱས་པའི་མི་སྒེར་གྱི་འཚར་ལོངས་ཀྱི་ཉམས་མྱོང་ལ་ཉན་ནས་བློ་སྒོ་ཕྱེ་བ་རེད།ཁོང་ཚོས་སེམས་ལ་ཕུགས་འདུན་ཡོད་པ་དང་འགན་འཁྲི་འཁུར་ཕོད་ཚེ་ཁྱབ་ཁོངས་མི་འདྲ་བའི་ནང་ནུས་པ་ཐོན་ཐུབ་ལ་ལང་ཚོའི་ཆེད་དུ་འགྱོད་པ་མེད་པའི་ལེའུ་ཞིག་ཀྱང་བརྩམས་ཐུབ་པ་ཤེས་རྟོགས་བྱུང་ཡོད།

དེ་རྗེས་བཀྲ་ཤིས་ལྷ་མོ་སོགས་གཞོན་ནུ་ཏང་ཡོན་6གིས་རང་ཉིད་ཀྱི་ལས་ཀ་དང་འཚོ་བའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་འཛུཊ་སྐྲུན་དང་། སྤྱི་ཚོཊ་བཅོས་སྐྱོང་། དམངས་འཚོ་ལེགས་གཏོང་སོགས་ཐད་ཀྱི་བསམ་གཞིགས་དང་གྲོས་འགོར་གླེང་མོལ་བྱས་པ་རེད། གཞོན་ནུ་ཏང་ཡོན་ཚང་མས་ད་དུང་གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཨུད་ཀྱི་གཞོན་ནུའི་ཁྱིམ་གཞིའི་གཙོ་དོན་འགྲེམས་པང་ལ་ལྟ་སྐོར་བྱས་པ་རེད།

གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་གཞོན་ནུ་ཏང་ཡོན་འཚར་ལོངས་དང་འཕེལ་རྒྱས་ལ་དོ་ཁུར་བྱེད་ཀྱི་ཡོད། ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་གཞོན་ནུ་ཏང་ཡོན་གཞན་དག་གི་འཚར་ལོངས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་པར་ཉན་པ་བརྒྱུད་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་པ་ཏུང་ཁྲེན་ལིན་ལ་སྐུལ་མ་ཐེབས་པ་སྟེ། ཁོང་གིས་གཞོན་ནུ་ཏང་ཡོན་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་གྱི་ལས་ཀའི་ཁྲོད་ངས་སྔར་བས་ཏན་ཏིག་དང་རང་འགུལ་ངང་གསར་གཏོད་བྱས་ཏེ་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

སྡེ་ཚོགས་ལྷ་ས་གྲོང་ཨུད་ལས་ཁུངས་ཏང་ཀྲི་པུའི་སྒྲིག་ཁྲིམས་ཨུ་ཡོན་མ་ཡུས་པོས་ད་ཐེངས་ཀྱི་བྱེད་སྒོར་གདེང་འཇོག་ཆེན་པོ་གནང་བ་རེད། ད་ཐེངས་ཀྱི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། བྱེད་སྒོའི་ཁྲོད་གཞོན་ནུ་ཏང་ཡོན་ཚོས་རང་ཉིད་ཀྱི་ལས་ཀ་དང་འཚོ་བའི་ཁྲོད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་པར་མ་ཟད། གྲོང་ཁྱེར་གྱི་འཕེལ་རྒྱས་ཐད་བསམ་འཆར་དང་གྲོས་འགོ་ཡག་པོ་འགའ་ཡང་བཏོན་ཡོད།ཁོང་ཚོས་ཀྱང་སླད་ཕྱིན་གྱི་རང་གི་ལས་འགན་ལ་གཞི་ཚུགས་ནས་མུ་མཐུད་དུ་ངར་ཤུགས་རྒྱུན་འཁྱོངས་བྱས་ནས་ལྷ་ས་འཕེལ་རྒྱས་གཏོང་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-07 6 6 拉萨日报藏文 c200680.html 1 ངས་གྲོང་ཁྱེར་འཕེལ་རྒྱས་གཏོང་ཆེད་ཐབས་ཇུས་འདོན་རྒྱུ་ཡིན་ཞེས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ། /enpproperty-->