分享按钮

གཟའ་འཁོར་འདིར་རང་གྲོང་གི་གནམ་གཤིས་ལ་འགྱུར་ལྡོག་ཆེ་བ།

གཟའ་འཁོར་འདིའི་གཟའ་འགོར་ཆར་ཆུ་མང་ཙམ་འབབ་རྒྱུ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་5ཉིན། གསར་འགོད་པར་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོཊ་བྱུང་བར་གཞིགས་ན། གཟའ་འཁོར་གོང་མའི་གཟའ་མཇུག་ཏུ་རང་གྲོང་གི་གནམ་གཤིས་འགྱུར་ལྡོག་ཆེ་བ་དང་། ཤར་རྒྱུད་ས་ཁུལ་དུ་ཆར་ཆུ་བབས་མང་བ། གྲོང་ཁྱེར་ཡོངས་ཀྱི་ས་གནས་ཁག་ཏུ་ལྷགས་པ་ཆེན་པོ་བརྒྱབ་པའི་ཉིན་གྲངས་1ནས་2བར་ཟིན་ཡོད། ལོ་ལྟར་གྱི་དུས་མཚུངས་དང་བསྡུར་ན་འདམ་གཞུང་རྫོང་དུ་གཟའ་འཁོར་གྱི་སྤྱིའི་ཆར་ཆུ་འབབ་ཚད་ཕྱེད་ཀ་ཙམ་གྱི་ཉུང་དུ་ཕྱིན་པ་དང་། ས་ཁུལ་གཞན་དག་ཏུ་ཆར་ཆུ་བབས་ཚད་བརྒྱ་ཆ་5ནས་8བར་མང་དུ་ཕྱིན་ཡོད། གཞན་ཡང་གྲོང་ཁྱེར་ཡོངས་ཀྱི་ས་གནས་ཁག་གི་གཟའ་འཁོར་གྱི་ཆ་སྙོམས་དྲོད་ཚད་རྒྱུན་གཏན་གྱི་དུས་མཚུངས་ལས་ཧྲེ་ཧྲི་ཏུའུ་1ནས་2བར་དམའ་རུ་སོང་ཡོད། གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་ངོ་སྤྲོད་བྱས་པར་གཞིཊ་ན། སྔོན་དཔག་ལྟར་ན་གཟའ་འཁོར་འདིར་རང་གྲོང་གི་གནམ་གཤིས་ལ་འགྱུར་ལྡོག་མང་པོ་འགྲོ་རྒྱུ་ཡིན་ཞིང་། གཟའ་འཁོར་འདིའི་གཟའ་འགོར་ས་གནས་ཁག་ཏུ་ཆར་ཆུ་མང་ཙམ་འབབ་རྒྱུ་ཡིན་པའི་ཁྲོད་ནས་མལ་གྲོ་གུང་དཀར་རྫོང་དང་། འདམ་གཞུང་རྫོང་། ལྷུན་གྲུབ་རྫོང་བཅས་ཀྱི་ཤང་དང་གྲོང་རྡལ་ཁག་ཅིག་ལ་ཆར་ཆུ་མང་ཙམ་འབབ་རྒྱུ་དང་།དྲོད་ཚད་ཀྱི་འགྱུར་ལྡོག་ཀྱང་མངོན་གསལ་དོད་པོ་འགྲོ་རྒྱུ་རེད། གནམ་གཤིས་ཀྱི་བརྒྱུད་རིམ་གཙོ་བོ་ནི། གཟའ་ཟླ་བ་ནས་གཟའ་ལྷག་པའི་བར་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་། བྱང་རྒྱུད་དང་ཤར་རྒྱུད་ཀྱི་ཤང་དང་གྲོང་རྡལ་དུ་ཆར་པ(གངས)འབྲིང་བ་འབབ་རྒྱུ་རེད། གཟའ་ཕུར་བུ་ནས་སྤེན་པའི་བར། ས་གནས་ཁག་ཏུ་སྤྲིན་པ་ཉུང་བ་ནས་སྤྲིན་པ་མང་པོ་འཁོར་རྒྱུ་དང་། དུས་མཚམས་ཁ་ཤས་སུ་ཁ་ཐོར་རང་བཞིན་གྱི་ཐོལ་ཆར་འབབ་རྒྱུ། གཟའ་ཉི་མར་རྫོང(ཆུས)ཁག་ཏུ་གནམ་འཐིབས་རྒྱུ་རེད།

གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་དུས་འགོར་གངས་ཆར་འབབ་ཚད་མངོན་གསལ་དོད་དུ་འགྲོ་རྒྱུ་ཡིན་པས་འགྲོ་ལམ་འགྲིམ་འགྲུལ་དང་། ལས་གྲྭ་འཛུགས་སྐྲུན། འཕྲིན་གཏོང་སྒྲིག་བཀོད་སོགས་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུར་དོགས་ཟོན་བྱེད་དགོས་པ་དང་། གཞན་ཡང་ཤར་རྒྱུད་དང་བྱང་རྒྱུད་ས་ཁུལ་དུ་ཆར་ཆུ་འབས་ཚད་ཅུང་ཆེ་བས་ས་ཁུལ་ཁ་ཤས་སུ་ས་གཤིས་ཀྱི་གནོད་འཚེར་སྔོན་འགོག་བྱ་རྒྱུ་དང་འབྲེལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ། ཕྱི་དྲོ་ནས་མཚན་མོའི་བར། དུས་ཐུང་ནང་ལྷགས་པ་ཆེན་པོ་དང་སེར་བ་སོགས་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་ཐོན་སླ་བས་དོགས་ཟོན་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-07 གཟའ་འཁོར་འདིའི་གཟའ་འགོར་ཆར་ཆུ་མང་ཙམ་འབབ་རྒྱུ་ཡིན་པ། 6 6 拉萨日报藏文 c200678.html 1 གཟའ་འཁོར་འདིར་རང་གྲོང་གི་གནམ་གཤིས་ལ་འགྱུར་ལྡོག་ཆེ་བ། /enpproperty-->