(པར་ངོས་གཉིས་པར་མཐུད)གསོན་མགྲོན་ཁང་སྔོན་མངག་བྱས་ཚེ་སྒུལ་ཤུགས་མེད་པའི་སྤྲོ་སྐྱིད་གླིང་གི་སྤ་སེ་སྤྲོད་ཀྱི་ཡོད་པས་ཞག་སྡོད་ཀྱི་རིན་གོང་དེ་བས་ལེགས་པ་ཡོང་གི་ཡོད་པ་རེད། གཞན་ཡང་། མཛེས་ལྗོངས་དེའི་གླིང་གའི་ཁུལ་དུ་ཀུང་སིའི་ཚོགས་པ་ཤོང་བའི་ཁང་པ་ཆེན་པོ་ཡོད་ལ། ཁྱིམ་ཚང་དང་གྲོགས་པོ་འདུ་འཛོམས་བྱེད་པར་འཚམ་པའི་དྲོ་སྐྱིད་ལྡན་པའི་ཁང་པ་ཆུང་ཆུང་ཡང་ཡོད། ཁང་པའི་སྒྲིག་བཀོད་ཆ་ཚང་པོ་ཡོད་པས་གྲོང་མི་རྣམས་ཀྱིས་ཞིམ་ཟས་ལོངས་སྤྱོད་བྱེད་པ་དང་ཆབས་ཅིག་རོལ་རྩེད་གང་ལེགས་ལོངས་སྤྱོད་བྱེད་ཐུབ་ཀྱི་ཡོད།
སྟོད་ལུང་བདེ་ཆེན་ཆུས་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བསྟན་འཛིན་བཀྲ་ཤིས་ཀྱིས་ཟླ་བ་ལྔ་པ་ཧྲིལ་པོར་སྤ་སེར་རིན་མི་དགོས་པར་གླིང་གའི་ནང་དུ་འཛུལ་ཆོག་པ་དང་མཛེས་ལྗོངས་ཁུལ་ནང་གི་མུའུ་སྟོང་གི་དཔྱིད་འགོའི་མེ་ཏོག་དང་། ཕྱི་རོལ་སྒར་ས་སོགས་རང་བྱུང་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཐུབ། བྱ་ཐབས་དེས་ཡུལ་སྐོར་བ་ཚོར་སྟབས་བདེ་དང་ཕན་བདེ་དེ་བས་མང་བ་མཁོ་འདོན་བྱས་ནས་མི་མང་པོ་ཞིག་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་དུ་བསྐྱོད་ནས་དེའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པའི་གོ་སྐབས་ཐོབ་ཡོད་པ་རེད། དེ་དང་ཆབས་ཅིག་ང་ཚོས་ཀྱང་ཞབས་ཞུའི་སྤུས་ཚད་མུ་མཐུད་ནས་ཆེ་རུ་གཏོང་བ་དང་མི་འདང་བའི་ཆ་ལེགས་སུ་བཏང་ནས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་ཚོར་ཁོར་ཡུག་མཛེས་པ་དང་། སྒྲིག་བཀོད་ཆ་ཚང་བ། ཞབས་ཞུ་ལེགས་པ་བཅས་ཀྱི་ཡུལ་སྐོར་བྱ་ཡུལ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社