ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས(གཤམ་དུ་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཞེས་བསྡུ་རྒྱུ)གཙོ་གཉེར་བྱས་པ་དང་། བོད་ལྗོངས་མཛེས་རྩལ་ཁང་གིས་གཉེར་འགན་ཁུར་བའི་བོད་ཀྱི་བརྗོད་བྱ་གཙོ་བོའི《བོད་ལྗོངས་ལྷུག་བྲིས》ཞེས་པའི་ཧུའུ་ཏའོ་ཁྲང་གི་སྣུམ་ཚོན་རི་མོའི་བརྩམས་ཆོས་ཆེ་གྲས་འགྲེམས་སྟོན་དེ་བོད་ལྗོངས་མཛེས་རྩལ་ཁང་དུ་གཉེར་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་འགྲེམས་སྟོན་ནང་གཙོ་བོ་སྐུ་ཞབས་ཧུའུ་ཏའོ་ཁྲང་གིས་2011ལོ་ནས་2022ལོའི་བར་བོད་དུ་འཚོལ་བསྡུ་དང་གསར་རྩོམ་བྱེད་རིང་། 《བོད་ལྗོངས་ལྷུག་བྲིས》ཞེས་པའི་རིམ་སྤེལ་བརྩམས་ཆོས་ཁྲོད་ནས་ལེགས་འདེམས་བྱས་པའི་སྣུམ་ཚོན་རི་མོའི་བརྩམས་ཆོས་210འགྲེམས་སྟོན་བྱས་ཡོད།བརྩམས་ཆོས་དེ་དག་ནི་སྒྱུ་རྩལ་མཁས་ཅན་མི་སྒེར་གྱི་སྒྱུ་རྩལ་དོན་གཉེར་གྱི་ཉིང་བཅུད་ཡིན་ལ་དུས་རབས་གསར་པའི་བོད་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད།ཟླ་5ཚེས་15ཉིན་བར་འགྲེམས་སྟོན་བྱ་རྒྱུ་རེད།
ཧུའུ་ཏའོ་ཁྲང་གིས་འདས་ཟིན་པའི་ལོ་བཅུ་ལྷག་ཙམ་རིང་། ཁོང་བོད་ཀྱི་རྫོང(ཆུས)མང་པོར་བསྐྱོད་དེ་འཚོལ་བསྡུ་བྱས་པས།བོད་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་མིག་མཐོང་ལག་ཟིན་བྱུང་།བོད་ཀྱི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་ས་གནས་ཁག་གི་འགྲིམ་འགྲུལ་ཉིན་རེ་བཞིན་ཤར་གཏོང་ཐུབ་ནས་མི་རྣམས་དེ་བས་སྟབས་བདེའི་ངང་རང་བྱུང་ཁམས་དང་ཉེ་བཅར་ཐུབ་པར་མ་ཟད།རྒྱལ་ཡོངས་མི་དམངས་དང་བོད་ཀྱི་མི་རིགས་ཁག་གི་སྤུན་ཟླའི་དབར་བསམ་པ་གཅིག་མཐུན་གྱི་སྦྲེལ་ཟམ་ཞིག་ཀྱང་བཙུགས་ཡོད་ཅེས་བཤད།
ད་ཐེངས་གཉེར་བའི་བོད་ཀྱི་བརྗོད་བྱ་གཙོ་བོའི《བོད་ལྗོངས་ལྷུག་བྲིས》ཞེས་པའི་ཧུའུ་ཏའོ་ཁྲང(སྐུ་ཞབས་དཀྱུས་མ)གི་སྣུམ་ཚོན་རི་མོའི་བརྩམས་ཆོས་འགྲེམས་སྟོན་ཆེ་གྲས་ནི་བོད་ཀྱི་བརྗོད་བྱ་གཙོ་བོའི་སྒྱུ་རྩལ་གསར་རྩོམ་གྱི་འཚོལ་ཞིབ་གལ་ཆེན་གཞན་ཞིག་ཡིན་ལ་བོད་ལྗོངས་མཛེས་རྩལ་ཁང་གིས་རིག་གནས་དམངས་ཕན་ལག་བསྟར་དང་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་ཞིག་ཀྱང་རེད། འབྱུང་འགྱུར་བོད་ལྗོངས་མཛེས་རྩལ་ཁང་གིས་ཆུ་ཚད་མཐོ་བའི་སྒྱུ་རྩལ་འགྲེམས་སྟོན་ལས་སྟེགས་མུ་མཐུད་བསྐྲུན་ནས་མི་དམངས་ཀྱི་ཁྲོད་དུ་གཞི་ཚུགས་པ་དང་འཚོ་བར་གཞི་ཚུགས་པའི་སྒྱུ་རྩལ་མཁས་ཅན་དེ་བས་མང་བར་རྒྱབ་སྐྱོར་བྱས་ཐོག་སྤུ་སྨྱུག་ལ་བརྟེན་ནས་བོད་ཀྱི་གཏམ་རྒྱུད་བརྗོད་རྒྱུ་ཡིན་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社