分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས“ལྔ་གཅིག”རིང་གི་ཐོན་སྐྱེད་བདེ་འཇགས་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་3ཉིན།གྲོང་ཨུད་ཀྱི་རྒྱུན་ཨུ་དང་།རྒྱུན་ལས་གྲོང་སྤྱི་གཞོན་པ།གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་དགྲ་འདུལ་གྱིས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དང་།གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས།གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས།གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས།གྲོང་ཁྱེར་དོ་དམ་ཅུས་སོགས་སྡེ་ཚན་གྱི་འགན་འཁུར་བའི་སྣེ་ཁྲིད་དེ་གྲོང་ཁྱེར་གྱི་གཙོ་གནད་ལས་རིགས་མངའ་ཁོངས་སུ་ཟབ་སྐྱོད་ཀྱིས “ལྔ་གཅིག”རིང་ཐོན་སྐྱེད་བདེ་འཇགས་ཐད་ལྟ་སྐུལ་ཞིབ་བཤེར་གནང་བ་རེད།

ལྷ་ས་དགེ་འོས་སློབ་གླིང་སློབ་མའི་ལས་ཤག་འཛུགས་སྐྲུན་གྱི་རྣམ་གྲངས་དང་ཡུན་ཏེན་ཁྱིམ་གཞིས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཡུལ་དངོས་སུ་ཕེབས་ནས་དུས་ཆེན་རིང་།ལས་གནས་བརྟན་སྲུང་བྱེད་མཁན་འཐབ་ས་མདུན་མའི་འཛུགས་སྐྲུན་པར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་རེད།ཡུལ་དངོས་སུ་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་དང་།ཨར་ལས་ཀྱི་ཚད་གཞི།ཨར་ལས་ཀྱི་དྲོད་སྲུང་རྒྱུ་ཆ།མེ་སྤྱོད་ལས་ཀའི་བདེ་འཇགས་ཀྱི་འགོག་ཟོན་སོགས་གཙོ་གནད་ལས་དོན་ལ་ལྟ་ཞིབ་དང་ཤེས་རྟོགས་ཞིབ་ཕྲ་གནང་རྗེས།ཁོང་གིས རྟག་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་དུས་དང་རྣམ་པ་ཀུན་དུ་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ལ་མཐོང་ཆེན་བྱེད་པ་དང་།འགོ་ཁྲིད་ཀྱི་འགན་འཁྲི་དང་།ས་ཁོངས་ཀྱི་འགན་འཁྲི།ལྟ་སྐུལ་དོ་དམ་གྱི་འགན་འཁྲི་བཅས་ནན་དུ་གཏོང་བ།ཐོན་སྐྱེད་བདེ་འཇགས་ཀྱི་མཚམས་ཐིག་དང་དམར་ཐིག་བརྟན་པོར་སྲུང་བ་བཅས་ཀྱིས་བདེ་འཇགས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་དགོས་པ།མི་མང་འདུ་འཛོམས་བྱ་ཡུལ་གྱི་མེ་སྤྱོད་ལས་ཀ་དང་འཛུགས་སྐྲུན་དྲོད་སྲུང་རྒྱུ་ཆའི“དོན་དག་གཅིག”ཡིན་པའི་སྦྲེལ་ཐག་ཧྲིལ་པོའི་བཅོས་སྒྲིག་ལས་དོན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་།བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ།ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་སྣ་ཚོགས་ཐོན་པར་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱིས་དུས་ཆེན་རིང་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཞིབ་བཤེར་རུ་ཁག་དང་བཅས་པ་ད་དུང་གྲོང་མིའི་ཁུལ་ཆུང་དང་།སྣུམ་སྣོན་ས་ཚིགས།རླངས་སྣོན་ས་ཚིགས་སོགས་སུ་བསྐྱོད་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ལམ་སྲོལ་དོན་འཁྱོལ་དང་།གློག་སྒུལ་སྦག་སྦག་གི་གློག་གསོག་བདེ་འཇགས།མེ་གསོད་སྒྲིག་ཆས་སྒྲིག་སྦྱོར་དང་མེ་གསོད་བགྲོད་ལམ་ཤར་གཏོང་།གློག་དང་སོལ་རླངས་མདོང་ལམ་ཚད་ལྡན་སོགས་ལ་དམིགས་ནས་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་དང་།ཆབས་ཅིག་འདུ་འཛོམས་བྱ་ཡུལ་ཁག་གི་འགན་འཁུར་བས་ལས་མིར་རྒྱུན་གཏན་གྱི་བདེ་འཇགས་སློབ་གསོ་དོ་དམ་དང་གཙོ་གནད་འདུ་འཛོམས་བྱ་ཡུལ་གྱི་མངོན་མེད་རྐྱེན་ངན་ཐད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-07 6 6 拉萨日报藏文 c200672.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས“ལྔ་གཅིག”རིང་གི་ཐོན་སྐྱེད་བདེ་འཇགས་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་གནང་བ། /enpproperty-->