分享按钮

ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ལས་གནས་བརྟན་སྲུང་བྱས་ཏེ“ལྔ་གཅིག”རིང་གི་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རཊ་བརྟན་དུ་བཏང་བ།

པར་འདི་ནི་འགྲིམ་འགྲུལ་ཉེན་རྟོག་པས་གྲོང་ཁྱེར་གྱི་ལམ་གཙོ་བོར་འགྲིམ་འགྲུལ་ལ་ཁྲིད་སྟོན་བྱེད་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། “ལྔ་གཅིག”གི་གུང་གསེང་རིང་རང་གྲོང་གི་ཡུལ་སྐོར་དང་ཕྱིར་སྐྱོད་བྱེད་ཚད་མང་ཤོས་སུ་སླེབས་ཡོད། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཤར་གཏོང་ཐུབ་པའི་འགན་ལེན་བྱ་ཆེད། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ལས་གནས་བརྟན་སྲུང་བྱས་པ་དང་།

ལས་འགན་དང་འགན་འཁྲི་འཁུར་ཕོད་པའི་ཐོག་ནས་གུང་གསེང་རིང་འགྲོ་སྐྱོད་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད།

གུང་གསེང་སྐབས་གྲོང་ཁུལ་གྱི་གཞུང་ལམ་གཙོ་བོའི་བྲེལ་འཚུབ་ཆེ་བའི་ལམ་མདོ་ཡིན་ནའང་འདྲ། ཡང་ན་འཁྲུག་ཆ་དོད་པའི་མཛེས་ལྗོངས་ཁུལ་གྱི་མཐའ་འཁོར་ཡིན་ནའང་འདྲ། འགྲིམ་འགྲུལ་ཉེན་རྟོག་པ་ཚོས་ཛ་དྲག་དང་གོ་རིམ་ལྡན་པའི་སྒོ་ནས་འགྲིམ་འགྲུལ་ལ་ཁྲིད་སྟོན་བྱེད་པའི་གཟུགས་བརྙན་གང་སར་མཐོང་ཐུབ། ཤེས་རྟོགས་བྱུང་བར་གཞིགས་ན། རླངས་འཁོར་དང་མི་མང་དུ་ཕྱིན་པར་ཁ་གཏད་གཅོག་ཆེད། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ཆེད་དོན་འགན་སྲུང་ཇུས་གཞི་སྔོན་ལ་བཟོས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་རྟོག་སྟོབས་ཤུགས་བཀོད་སྒྲིག་བྱས་ཡོད། དར་སོ་ཆེ་བའི་མཛེས་ལྗོངས་ཁུལ་དང་མྱུར་བགྲོད་གཞུང་ལམ་གྱི་འཛུལ་སྒོར་ཁོང་ཚོས་གནས་གཏན་འཁེལ་གྱི་ལྟ་སྲུང་འགུལ་སྐྱོད་སྐོར་གཡེང་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་དུས་ཐོག་ཏུ་རླངས་འཁོར་ཁག་བགོས་བྱེད་པ་དང་།ཐོལ་བྱུང་གནས་ཚུལ་མགྱོགས་མྱུར་ཐག་གཅོད་བྱས་ནས་རླངས་འཁོར་བགྲོད་སྐྱོད་བདེ་བླག་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།

གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་པ་རིན་ཆེན་དཔལ་འབྱོར་གྱིས། “ལྔ་གཅིག”གི་གུང་གསེང་རིང་།འགྲུལ་བཞུད་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པས་མང་ཚོགས་བདེ་འཇགས་ངང་ཕྱིར་སྐྱོད་བྱེད་པར་འགན་སྲུང་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན།ང་ཚོས་ངེས་པར་དུ་ལས་གནས་བརྟན་སྲུང་དང་། ལས་བྱེད་ཐེངས་རེ་རེ་ཡག་པོ་སྒྲུབ་པ། ལམ་མདོ་རེ་རེའི་འགྲིམ་འགྲུལ་གྱི་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ་མང་ཚོགས་བདེ་འཇགས་ལྡན་པ་དང་སྤྲོ་སྣང་དོད་པོས་གུང་གསེང་ལ་རོལ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

འགྲིམ་འགྲུལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་ཕུད། འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ད་དུང་དུས་མཉམ་དུ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆང་རག་བཏུང་ནས་འཁོར་རིགས་གཏོང་བ་དང་། ར་བཟི་ནས་འཁོར་རིགས་གཏོང་བ།ལག་ཁྱེར་མེད་པར་འཁོར་རིགས་གཏོང་བ། དེ་བཞིན་གློག་སྒུལ་སྦག་སྦག་གིས་གློག་དམར་འགལ་བ་དང་ལམ་ལྡོག་ཕྱོགས་སུ་བསྐྱོད་པ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་གཙོ་གནད་དུ་བཅོས་སྒྲིག་བྱས་པ་རེད། ཁོང་ཚོས་གཅིག་ཤེས་རྟོཊ་བྱུང་འཕྲལ་དེར་ཞིབ་བཤེར་ཐག་གཅོད་མཐའ་འཁྱོངས་བྱས་ཏེ་དོ་དམ་ནན་པོ་དང་ཟིལ་གནོན་གྱི་རྣམ་པ་ཆགས་པ་དང་། འབྱུང་རྩ་ནས་འགྲིམ་འགྲུལ་གྱི་ལས་འཛོལ་སྔོན་འགོག་བྱས་ནས་གྲོང་མི་དང་ཡུལ་སྐོར་བ་རྣམས་ལ་བདེ་འཇགས་དང་གོ་རིམ་ལྡན་པའི་ཡུལ་སྐོར་གྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་ཡོད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-07 6 6 拉萨日报藏文 c200671.html 1 ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ལས་གནས་བརྟན་སྲུང་བྱས་ཏེ“ལྔ་གཅིག”རིང་གི་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རཊ་བརྟན་དུ་བཏང་བ། /enpproperty-->