分享按钮

ཝང་ཆང་གིས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)

ཝང་ཆང་གིས་ཇུས་འགོད་ལ་དམ་པོར་དམིགས་དགོས་ཤིང་། ཨར་ལས་བྱ་རྒྱུ་དེ་ཇུས་འགོད་ཀྱི་བླང་བྱར་དམ་པོར་དམིགས་ནས་གནད་སྨིན་དོན་འཁྱོལ་དང་། ཇུས་འགོད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་གྲོང་མིའི་རེ་སྒུག་ཆུད་ཟོས་སུ་གཏོང་མི་རུང་བ་དང་། ལྷུ་ཚིགས་ཁག་གི་ཞིབ་ཕྲའི་སྦྲེལ་མཐུད་ལ་སྣང་ཆེན་བྱས་ནས་སྤྱི་ཡོངས་ལ་མཐུན་སྦྱོར་གཅིག་གྱུར་དང་རང་བཞིན་གྱིས་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པ། ཚད་གཞི་དང་ཡང་ཡང་བསྡུར་ནས་རྩིས་ལེན་བྱེད་པ་དང་རྩིས་སྤྲོད་ཐུབ་པ་དང་། ལས་གྲྭ་སྤུས་ཚད་མཐོ་བའི་སྒོ་ནས་རྩིས་སྤྲོད་ཐུབ་པར་བྱས་ཏེ་ཞིབ་བཤེར་ཐེག་ཐུབ་པའི་སྤུས་ལེཊ་ཀྱི་རྣམ་གྲངས་གཏོད་དགོས་པ། ལས་ཡུན་ལ་དམ་འཛིན་དང་མྱུར་ཚད་མགྱོཊ་སུ་གཏོང་དགོས་ཤིང་། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ་དང་།ལས་ཡུན་ལྡོག་སྒྲིག་བྱེད་པ། ལས་གྲྭའི་སྤུས་ཚད་དང་ཨར་ལས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་ཆ་རྐྱེན་འོག ཚན་རིག་དང་མཐུན་པའི་ངང་ཨར་ལས་ཀྱི་འཆར་གཞི་བཀོད་དེ་ནུས་ཤུགས་ཡོད་རྒུས་ལས་གྲྭའི་འཕེལ་རིམ་མགྱོགས་སུ་བཏང་ནས་རྣམ་གྲངས་སྔ་ཙམ་ལས་མཇུག་འགྲིལ་བ་དང་། གྲོང་མིར་སྔ་ཙམ་ཕན་པ་ཐོབ་པའི་འགན་ལེན་བྱེད་དགོས་པ། སྒྲིག་སྲོལ་ལྟར་སྤུས་ཚད་ལ་སྐུལ་འདེད་གཏོང་དགོས་ཤིང་། ལས་གྲྭ་འཛུགས་སྐྲུན་བྱེད་སྐབས་ངེས་པར་དུ་ཆོས་ཉིད་ལྟར་ལས་དོན་སྒྲུབ་པ་དང་། སྒྲིག་ལམ་ལྟར་ལས་དོན་སྒྲུབ་པ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་དང་། ལས་རིགས་ཀྱི་ཚད་གཞི། དེ་བཞིན་ལག་རྩལ་གྱི་ཚད་གཞི་བཅས་ལ་བརྩི་སྲུང་ནན་པོ་ཞུས་ནས་ཨར་ལས་ཀྱི་ལས་རིམ་བཀོད་སྒྲིག་ལུགས་མཐུན་བཅས་བྱས་ནས་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་དགོས་པ། ཆེད་མིས་ལྟ་སྐུལ་དོ་དམ་བྱས་ཏེ་འགན་སྲུང་བྱེད་ཤུཊ་ཆེ་རུ་གཏོང་དགོས་ཤིང་། འགན་འཁུར་ཚན་པའི་དོ་དམ་མི་སྣས་ཨར་ལས་བྱ་ཡུལ་དུ་ལས་གནས་བརྟན་སྲུང་བྱེད་པ་དང་། དུས་ཐོག་ཏུ་ལས་གྲྭའི་གནས་ཚུལ་ཚོད་འཛིན་བྱེད་པ། བདེ་འཇགས་ཀྱི་དོགས་ཟོན་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ། ཨར་ལས་བྱེད་རིང་ཐོན་པའི་གནད་དོན་མཐའ་དག་དུས་ཐོག་ཏུ་མཐུན་སྦྱོར་བྱེད་པ་དང་འབྲེལ་ཐག་གཅོད་བྱེད་པ་བཅས་བྱས་ཏེ་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-07 6 6 拉萨日报藏文 c200670.html 1 ཝང་ཆང་གིས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ། /enpproperty-->