(པར་ངོས་དང་པོར་མཐུད)གྲོང་ཁུལ་གྱི་ཆུ་རྒྱུད་ལས་གྲྭ་ནི་དམངས་འཚོའི་ལས་གྲྭ་དང་དམངས་ཕན་ལས་གྲྭ་ཞིག་ཡིན་པས། གྲོང་ཁྱེར་གྱི་འབྱུང་ཁམས་ཁོར་ཡུག་དང་གྲོང་མིའི་འཚོ་བའི་སྤུས་ཚད་དང་འབྲེལ་བ་ཡོད་པ་དང་།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། འགག་སྒོ་ནན་པོ་སྲུང་བ་དང་། སྤུས་ཚད་ལ་འགན་ལེན་བྱེད་པ། སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ནས་འབྱུང་ཁམས་འདི་ཉིད་མིའི་འཚོ་སྡོད་དང་འཚམ་པའི་གྲོང་ཁྱེར་གྱི་ཁོར་ཡུག་བཟང་པོ་ཞིག་ཏུ་ཧུར་ཐག་བསྐྲུན་དགོས་ཞེས་ནན་གསུངས་གནང་བ་རེད།
ཅང་སུའུ་ལམ་དང་པེ་ཅིང་ལམ་སོགས་དོ་དམ་ནན་པོ་བྱེད་པའི་ཁྲོམ་གཞུང་དུ། ཀྲའོ་ཧུའེ་ཉན་གྱིས་ཕེབས་ཞོར་དང་གཟིགས་ཞོར་དུ་འགྲོ་ལམ་འགྲིམ་འགྲུལ་དང་། ཁོར་ཡུག་འཕྲོད་བསྟེན་དང་ཡུལ་འཁྱམ་དང་སློང་མོ་བྱེད་པ་སོགས་ཀྱི་ཐད་གནས་པའི་གནད་དོན་ཁག་ལ་བཅོས་སྒྲིག་ལེགས་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཁོང་གིས་འཕྲལ་མར་ལག་ལེན་བསྟར་དགོས་པ་དང་ཡུན་རིང་རྒྱུན་འཁྱོངས་བྱས་ཏེ།རྒྱུན་རྣམ་ཅན་གྱི་ཕུགས་ཕན་དོ་དམ་ལམ་སྲོལ་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་གྲུབ་འབྲས་ཁག་མུ་མཐུད་སྲ་བརྟན་དུ་བཏང་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ཕན་འབྲས་ཞན་དུ་མི་འགྲོ་བའི་འགན་ལེན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
ཉེན་དོན་ས་ཚིགས་ཚང་མར་ཀྲའོ་ཧུའེ་ཉན་གྱིས་སྤྱི་བདེའི་ཉེན་རྟོག་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་དུས་ཆེན་རིང་གི་ལས་རེས་དང་ལས་རེས་འགོ་ཁྲིད་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་སྤྱི་བདེའི་སྒྱུར་བཅོས་ཟབ་གཏོང་གོ་སྐབས་སུ་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ།རང་ངོས་ཀྱི་འཇོན་ཐང་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔོན་འགོག་དང་སེལ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཉེན་ཁ་སྣ་ཚོགས་ལ་སྔོན་དཔག་དང་།སྔོན་བརྡ་གཏོང་བ།སྔོན་འགོག་བྱེད་པ་བཅས་ཀྱིི་ནུས་པ་ཆེ་རུ་བཏང་ནས་གྲོང་མིས་ལྔ་གཅིག་གི་གུང་གསེང་དགའ་གཏོང་བྱེད་པར་བདེ་འཇགས་དང་བཀྲ་ཤིས་པའི་ཁོར་ཡུག་ཅིག་གཏོད་དགོས་ཞེས་ནན་གསུངས་གནང་བ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社