分享按钮

ཤའོ་ཡིའུ་ཚའེ་ཡིས་སྤུས་ཚད་མཐོ་ཞིང་ལས་ཕྱོད་ཆེན་པོས་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་གྱི་གནས་ཚད་ཁྱོན་ཡོངས་ནས་མཐོར་གཏོང་དང་མཛེས་པའི་ལྷ་ས་ཞིབ་ཚགས་ངང་འཛུགས་སྐྲུན་བྱེད་དགོས་པའི་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)གློག་དྲ་སོགས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ།སྟོབས་ཤུགས་བཀོད་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ།ཨར་ལས་སྒྲིག་འཛུགས་ལེགས་སུ་གཏོང་བ།ལས་ཡུན་ལ་དམ་འཛིན་དང་ལས་དུས་འཕར་མ་བྱེད་པ་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་དགོས།

ཞིབ་ཚགས་ལ་དོ་སྣང་བྱེད་དགོས་ཤིང་།སྤུས་ལེཊ་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་གནད་ལ་འཁེལ་བ་དང་།ཞིབ་ཚགས་པ།སྤུས་ཚད་ལེགས་པ་བཅས་ཀྱི་བླང་བྱ་དང་ཡང་ཡང་བསྡུར་བ།ཕྱོགས་གང་ཅིའི་ཐད་དང་དུས་དང་རྣམ་པ་ཀུན་ཏུ་མཐོང་ཆེན་བྱེད་པ་བཅས་ཀྱིས་དུས་ཚོད་དང་ལོ་རྒྱུས་ཀྱི་བརྟག་དཔྱད་ཞིབ་བཤེར་ཐེག་ཐུབ་པའི་དཔེ་མཚོན་ལས་གྲྭ་བཏོད་དགོས།

བདེ་འཇགས་འགན་ལེན་བྱེད་དགོས་ཤིང་། ལས་གྲྭའི་སྤུས་ཚད་ཀྱི་འགན་འཁྲི་གལ་ཆེན་དང་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་ནན་པོ་བྱེད་པ་དང་།བརྒྱུད་རིམ་ཧྲིལ་པོ་དང་ཞིབ་ཚགས་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ།བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་ལ་སྔོན་འགོག་དང་སེལ་བ་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་ཨར་ལས་ཀྱི་བདེ་འཇགས་ལ་འགན་ལེན་དང་ལས་གྲྭའི་སྤུས་ཚད་ལ་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ལི་ཅང་ཤིན་དང་།ཞུས་ཧའེ།ཀྲང་ཁྲུན་དབྱང་།བློ་གསལ།ཀའོ་ཅུན།ལིའུ་ལེང་བཅས་ཞུགས་ཡོད་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-07 6 6 拉萨日报藏文 c200668.html 1 ཤའོ་ཡིའུ་ཚའེ་ཡིས་སྤུས་ཚད་མཐོ་ཞིང་ལས་ཕྱོད་ཆེན་པོས་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་གྱི་གནས་ཚད་ཁྱོན་ཡོངས་ནས་མཐོར་གཏོང་དང་མཛེས་པའི་ལྷ་ས་ཞིབ་ཚགས་ངང་འཛུགས་སྐྲུན་བྱེད་དགོས་པའི་ནན་གསུངས་གནང་བ། /enpproperty-->