分享按钮

(པར་ངོས་དང་པོར་མཐུད)སློབ་གསོ་ལག་ལེན་གྱི་བྱེད་སྒོ་གཏིང་ཟབ་ཅིག་ཀྱང་རེད་ཅེས་བསྟན་ཡོད།

ཚོགས་འདུའི་ཐོག་རིམ་པ་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཁག་དང་རིམ་པ་ཁག་དང་རིགས་མི་འདྲ་བའི་སློབ་གྲྭ་ཁག་གིས་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་སོགས་ཕྱོགས་ལྔའི་ཐད་ལ་གཙོ་གནད་ཐོག་བཅོས་སྒྲིག་བྱ་རྒྱུར་དམིགས་ཏེ་དོན་ཚན་རེ་རེ་དང་རྣམ་གྲངས་རེ་རེ་བཞིན་དབྱེ་ཞིབ་དང་ཞིབ་དཔྱད་བྱས་ཏེ་བཅོས་སྒྲིག་གི་ལས་འགན་ཞིབ་ཕྲ་དང་། ཆུང་ཙག ནན་པོ། མགྱོགས་མྱུར་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་།ཆེད་དོན་བཅོས་སྒྲིག་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ། གཙོ་གནད་ལས་འགན་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་ལས་དོན་ལག་ལེན་དུ་བསྟར་ནས་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱེད་དགོས་པ། ལྟ་སྐུལ་དང་ཞིབ་བཤེར་ནན་པོ་བྱེད་པ་དང་། ལས་དོན་གྱི་འགན་འཁྲི་བརྟན་དུ་གཏོང་བ་དང་། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་དམ་འཛིན་དངོས་སྒྲུབ་དང་དཀའ་སེལ་འགག་སྒྲོལ་བྱས་ཏེ། ཆེད་དོན་བཅོས་སྒྲིག་གི་འགག་སྒྲོལ་ལས་དོན་ངེས་པར་དུ་ཡག་པོ་བསྒྲུབས་ཏེ། སྤྱོད་བཟང་གཞུང་དྲང་གི་སློབ་གསོའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་དང་། སློབ་གསོའི་བྱ་གཞག་གི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག་ཁྲེང་ཀོན་ཆུས་སློབ་གསོ་ཅུས་སོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་གནང་བ་དང་།རྫོང་(ཆུས)ཁག་གི་སློབ་གསོའི་ལས་དོན་འགན་འཁུར་མཁན་གྱི་རྫོང་དཔོན་གཞོན་པ་དང་ཆུས་ཀྲང་གཞོན་པ་དང་། གྲོང་ཁྱེར་དང་རྫོང(ཆུས)ཁག་གི་སློབ་གསོ་ཅུས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་།ལྷ་ས་དགེ་འོས་ཆེད་ཚན་སློབ་གླིང་དང་། གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ་དང་གཉིས་པ། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ཁག་གི་འགན་འཁུར་བ། དེ་བཞིན་སློབ་གསོ་ཅུས་ལས་ཁུངས་ཀྱི་འབྲིང་རིམ་ཡན་ཆད་ཀྱི་ལས་བྱེད་པ་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རར་ཚོགས་འདུར་ཞུགས་ཡོད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-26 6 6 拉萨日报藏文 c199987.html 1 /enpproperty-->