分享按钮

ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་ཀུང་སིས་བདེ་འཇགས་ཞིབ་བཤེར་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གྲོང་མིའི་ཚེ་སྲོག་གི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ།

(པར་ངོས་དང་པོར་མཐུད)འབར་རླངས་མདོང་དྲའི་སྐོར་ཞིབ་ལྟ་སྲུང་ནས་དུད་ཚང་དུ་བདེ་འཇགས་ཞིབ་བཤེར་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་པའི་བར་དུ་ཀུང་སིས་ཕྱོགས་ཡོངས་ནས་བདེ་འཇགས་ལ་འགན་ལེན་བྱེད་པའི་ལས་དོན་སྤེལ་བ་དང་། འབར་རླངས་ཀྱི“བདེ་འཇགས་སྟེམ་སྒོ”དམ་དུ་གཏོང་བ། བདེ་འཇགས་ངང་སོལ་རླངས་སྤྱོད་པའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཐད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།

ལྷ་སའི་བར་སྐོར་གནའ་གྲོང་གི་སྒྲིག་བཀོད་མཐོར་གཏོང་ལས་གཞིའི་བྱང་ངོས་ཁུལ་གྱི་རྣམ་གྲངས་དེ་ད་ལོའི་ཟླ་3ཚེས་17ཉིན་ནས་བཟུང་ཡོངས་སུ་བཀག་སྡོམ་བྱས་ནས་ཨར་ལས་བྱེད་འགོ་ཚུགས་ཡོད། རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་དུ་ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིས་སོལ་རླངས་དང་འབྲེལ་བ་ཡོད་པའི་ས་ཁོངས་ལ་དོ་དམ་ནན་པོ་བྱེད་པ་དང་། བདེ་འཇགས་ལ་ཞིབ་བཤེར་དང་ཡུལ་དངོས་སུ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། འབར་རླངས་སྦུག་ལམ་དང་གྲོང་མིའི་སོལ་རླངས་སྤྱོད་པའི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བཅས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ཐད་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།

པེ་ཅིང་ཤར་ལམ་གྱི་ཨར་ལས་བྱ་ཡུལ་དུ་ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིའི་ལས་དོན་པས་ཨར་ལས་བྱ་ཡུལ་ལ་སྐོར་གཡེང་དང་། ལྟ་སྐུལ།ཞིབ་བཤེར་བཅས་ལ་ཤུགས་སྣོན་བརྒྱབ་ཡོད་ཅིང་། ཁོང་ཚོས་ལག་ཏུ་ཆེད་ལས་ཀྱི་ཞིབ་དཔྱད་ཚད་ལེན་གྱི་ཡོ་བྱད་འཁྱེར་ནས་ཨར་ལས་ས་ཁོངས་ལ་ལྟ་སྐུལ་ཞིབ་ཚགས་བྱས་ཡོད། འབར་རླངས་སྦུག་ལམ་གྱི་བཙའ་འགོག་རྒྱུ་ཆར་སྐྱོན་ཤོར་ཡོད་པ་མཐོང་སྐབས། ལས་དོན་པས་འཕྲལ་མར་བྱ་སྤྱོད་སྤེལ་ནས་ཨར་ལས་བདེ་འཇགས་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ཏེ་སྐྱོན་ཤོར་སར་ཉམས་གསོ་བྱས་ཡོད།

མིག་སྔའི་བར་ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིས་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་ལས་གཞི་143དང་སྦྲེལ་མཐུད་བྱས་པའི་ནང་སྡེ་ཁུལ་རྙིང་པ་87ལ་སྒྱུར་བཀོད་བྱས་པ་དང་། མ་ལམ་གཙོ་བོ་56གི་ཆུ་རྒྱུད་བཅོས་སྒྲིག་བྱས་པ། དེ་བཞིན་གྲོང་ཁྱེར་མཛེས་བཟོ་དང་། སྔོ་འགྱུར། འགྲོ་ལམ་རིམ་སྤོར་བཅས་ཀྱི་རྣམ་གྲངས་ཚུད་ཡོད་པར་མ་ཟད། འབར་རླངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་གི་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ལག་རྩལ་གྱི་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིངས་ཡོད།ལས་གཞི་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱ་ཆེད། ཀུང་སིས་ཆེད་དོན་ཚོགས་ཆུང་27བཙུགས་པ་དང་། ལས་མི་54དང་འཕྲལ་སྡོམ་རླངས་འཁོར་12བཏང་བ། ཆུ་ཚོད་24ཡི་རིང་འབར་རླངས་དང་འབྲེལ་བ་ཡོད་པའི་ཨར་ལས་ས་ཁོངས་ལ་སྐོར་ཞིབ་བྱས་པ། ཉེ་འགྲམ་ས་ཚིགས་ཀྱི་ལྟ་སྐྱོང་དང་ཡུལ་དངོས་སུ་མཛུབ་ཁྲིད་བཅས་བྱས་ཏེ་ཨར་ལས་ཀྱི་འཕེལ་རིམ་ཧྲིལ་པོར་སྐུལ་འདེད་བཏང་ཡོད། ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་པུའི་ལས་དོན་པ་སྤེན་པ་ཚེ་རིང་གིས།ང་ཚོས་ཞབས་ཞུའི་ལམ་སྲོལ་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ། ཆེད་དོན་ཚོགས་ཆུང་གི་འགན་ནུས་ཆེ་རུ་གཏོང་བ་དང་།མི་སྣ་དང་སྒྲིག་ཆས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ཆུ་ཚོད་24ཡི་རིང་ཁུག་ཆ་གཅིག་ཀྱང་མ་ལུས་པར་སྐོར་ཞིབ་བྱེད་པ། བདེ་འཇགས་དོ་དམ་ལ་སྔར་བས་དམ་འཛིན་ནན་པོ་བྱེད་པ། བདེ་འཇགས་ཞིབ་བཤེར་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་དངོས་སུ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་དང་། དེ་བས་ཞིབ་ཚགས་པའི་དོ་དམ་དང་དེ་བས་ནན་པའི་ལྟ་སྐུལ་ལ་བརྟེན་ནས་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་ཀྱི་བརྒྱུད་རིམ་ཧྲིལ་པོར་སྲུང་སྐྱོང་བྱས་ཏེ།ཨར་ལས་མི་སྣ་དང་གྲོང་མིའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

གྲོང་ཁྱེར་གྱི་སྲང་ལམ་ཆེ་ཆུང་གང་སར་ལྟ་སྐུལ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། དེ་དང་ཆབས་ཅིག་སྡེ་ཁུལ་ཁག་གི་དུད་ཚང་དུ་རྒྱུན་རྣམ་ཅན་གྱི་སྒོ་ནས་བདེ་འཇགས་ཞིབ་བཤེར་ལས་དོན་ཡང་དུས་གཅིག་ཏུ་སྤེལ་བཞིན་ཡོད། ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིའི་ལས་དོན་པས་གཅིག་གྱུར་གྱི་ལས་གོས་གྱོན་པ་དང་ཆེད་ལས་ཀྱི་ཞིབ་དཔྱད་ཚད་ལེན་གྱི་ཡོ་བྱད་འཁྱེར་ཏེ་གྲོང་མིའི་ཁྱིམ་དུ་འབར་རླངས་ཀྱི་བདེ་འཇགས་ཐད་ཞིབ་བཤེར་བྱེད་པར་བསྐྱོད་ཡོད། ཁང་པའི་ནང་དུ་འཛུལ་རྗེས་ཁོང་ཚོས་འཕྲལ་མར་འབར་རླངས་ཀྱི་ཆུ་ཚོད་འཁོར་སྐྱོད་བྱས་ཚུལ་ལ་ཞིབ་བཤེར་བྱས་ཤིང་། ཆུ་ཚོད་རྒྱུན་གཏན་ལྟར་འཁོར་སྐྱོད་བྱེད་མིན་དང་གྲངས་ཀ་གནད་ལ་འཁེལ་མིན་ལ་ལྟ་ཞིབ་བྱས་པ་དང་། ཐབ་ཆས་ཀྱི་སྦུ་གུ་རྙིང་པ་ཆགས་ཡོད་མེད་དང་།སྐྱོན་ཤོར་ཡོད་མེད།སྟེམ་སྒོ་རྒྱུན་ལྡན་ལྟར་ཕྱེ་ཐུབ་ཀྱི་ཡོད་མེད་བཅས་ལ་ཞིབ་བཤེར་ནན་པོ་བྱས་ཡོད། ཆེད་ལས་ཀྱི་ཞིབ་བཤེར་བྱས་པ་ཕུད།ལས་དོན་པས་ད་དུང་གྲོང་མིར་བདེ་འཇགས་ངང་སོལ་རླངས་སྤྱོད་པའི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད། ཁོང་ཚོས་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ཐོག་ནས་གྲོང་མིར་ཇི་ལྟར་བྱས་ཏེ་འབར་རླངས་སྒྲིག་ཆས་བེད་སྤྱོད་ཡང་དག་གཏོང་དགོས་པ་དང་། འབར་རླངས་ཀྱི་ཕུ་ཤོར་ཡོད་མེད་དང་དེ་བཞིན་འབར་རླངས་ཀྱི་ལས་འཛོལ་འཕྲད་སྐབས་ཇི་ལྟར་བྱས་ཏེ་ཐག་གཅོད་བྱེད་དགོས་མིན་སོགས་ཀྱི་ཤེས་བྱར་འགྲེལ་བཤད་བརྒྱབ་ཡོད།

གྲོང་མི་སྒྲོལ་མས།ལས་དོན་པའི་འགྲེལ་བཤད་ལ་ཉན་རྗེས།ངས་འབར་རླངས་བདེ་འཇགས་ཐད་ཀྱི་གལ་ཆེའི་རང་བཞིན་ལ་ཤེས་རྟོགས་ཐུབ་བྱུང་།རྗེས་སུ་འབར་རླངས་བདེ་སྤྱོད་བྱེད་སྐབས་བདེ་འཇགས་ཐད་ངེས་པར་དུ་དོ་སྣང་བྱ་རྒྱུ་ཡིན་ཞེས་བཤད།

བསྡོམས་རྩིས་བྱས་པར་གཞིགས་།འདི་ལོའི་ཚུན་དུ།ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིས་དུད་ཚང་63887ལ་བསྐྱོད་ནས་བདེ་འཇགས་ཞིབ་བཤེར་གྱི་བཅར་འདྲི་བྱས་ཡོད་ཅིང་། དུད་ཚང་24864ལ་བདེ་འཇགས་ཞིབ་བཤེར་བྱས་པ་དང་། དུད་ཚང་39023ལ་བཅར་འདྲིར་སྐྱོད་སྐབས་ཁྱིམ་དུ་མི་བསྡད་མེད་པས་བདེ་འཇགས་ཞིབ་བཤེར་ཐུབ་མེད། མངོན་མེད་རྐྱེན་ངན་ཁག་334གྲལ་བཤེར་བྱས་པས་མངོན་མེད་རྐྱེན་ངན་ཁག་134བཅོས་སྒྲིག་བྱས་པ་དང་། དེ་བྱིངས་ཀྱི་གནད་དོན་200ལ་མངོན་མེད་རྐྱེན་ངན་གྱི་གསལ་བཤད་ཡི་གེ་བཀྲམས་ནས་དུས་བཀག་ནང་བཅོས་སྒྲིག་བྱས་པ་དང་འབྲེལ་མུ་མཐུད་དུ་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་ཀུང་སི་དེས་རིག་ནུས་འབར་རླངས་ཀྱི་ལས་སྟེགས་ལ་བརྟེན་ནས་བརྒྱུད་རིམ་ཧྲིལ་པོར་ཁ་གསལ་ཅན་གྱི་སྒོ་ནས་དོ་དམ་ཐུབ་པར་བྱས་ཏེ།ཁུངས་འདེད་ཀྱི་མ་ལག་ཆ་ཚང་ཞིག་བཟོས་ནས་འབར་རླངས་ཀྱི་བདེ་འཇགས་ལ་དེ་བས་བརྟན་པའི་འགན་ལེན་བྱས་པས་གྲོང་མིས་སོལ་རླངས་སྤྱོད་སྐབས་དེ་བས་བློ་བདེ་ཡོང་བར་བྱས་ཡོད།

ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིའི་ཅིང་ལི་ལིའུ་ཧུང་ཅུན་གྱིས།ཀུང་སིས་རྗེས་སུ་མུ་མཐུད་ནས་བདེ་འཇགས་ཞིབ་བཤེར་ཐད་ཤུགས་བརྒྱབ་སྟེ།དུད་ཚང་དུ་བསྐྱོད་ནས་བདེ་འཇགས་ཞིབ་བཤེར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་།བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གང་ཡང་མི་ཐོན་པར་བྱས་ནས་གྲོང་མིའི་སོལ་རླངས་སྤྱོད་པའི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་ཡིན། དེར་བརྟེན་ང་ཚོས་རྒྱ་ཆེའི་འབར་རླངས་སྤྱོད་མཁན་རྣམས་ལ་དྲན་སྐུལ་ཞུ་རྒྱུར།འབར་རླངས་སྤྱོད་པའི་བརྒྱུད་རིམ་ཁྲོད་དུ་རང་ཉིད་དང་ནང་མིའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཆེད་དུ་ང་ཚོའི་ལས་དོན་ལ་བསམ་ཤེས་དང་། གཞོགས་འདེགས། ལྟ་སྐུལ་བཅས་བྱེད་དགོས་པར་མ་ཟད། གཤམ་གསལ་གྱི་གནད་དོན་ལའང་དོ་སྣང་བྱེད་དགོས་པ་སྟེ། འབར་རླངས་ཀྱི་མདོང་ལམ་ལ་རང་དགར་བཟོ་བཅོས་རྒྱག་མི་རུང་བ་དང་། ཁང་པའི་ནང་དུ་རླུང་འཁོར་སྐྱོད་ཐུབ་པར་དགོས་པ། སོལ་རླངས་དང་འབར་རླངས་གཉིས་ཀ་སྤྱོད་པའི་ཐབ་ཆས་སྤྱོད་མི་ཆོག་པ་སོགས་ལ་དོ་སྣང་བྱེད་དགོས། གལ་ཏེ་འབར་རླངས་ཀྱི་ཕུ་ཤོར་ཚེ་འཕྲལ་དུ་སྟེམ་སྒོ་བརྒྱབ་ནས་ས་ཡུལ་དངོས་ནས་ཕྱིར་འཐེན་བྱེད་པ་དང་འབྲེལ་ཆུ་ཚོད་24ཡི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་96188ལ་ཁ་པར་རྒྱག་དགོས་ཅེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-26 6 6 拉萨日报藏文 c199986.html 1 ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་ཀུང་སིས་བདེ་འཇགས་ཞིབ་བཤེར་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གྲོང་མིའི་ཚེ་སྲོག་གི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ། /enpproperty-->