(པར་ངོས་དང་པོར་མཐུད)ཀྲུང་གོ་ཚན་རིག་ཁང་གི་རླུང་ཁམས་ཆེན་པོའི་དངོས་ལུགས་ཞིབ་འཇུག་ཁང་གིས་དུས་ཡུན་རིང་པོའི་ནང་ལྷ་སའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཁོང་གིས་རིག་གནས་ཡུལ་སྐོར་ནི་ལྷ་སའི་གཏིང་ཟབ་ཤོས་དང་འབེལ་ཤོས་ཀྱི་ཐོན་ཁུངས་ཤིག་རེད། མིག་སྔར། ང་ཚོས“བསམ་གཞི་ཆེན་པོ་ལྔ”དང“འཕེལ་རྒྱས་གལ་ཆེན་ལྔ་མཉམ་འཛིན”གྱི་བསམ་ཕྱོགས་གཞིར་བཟུང་། ཡུལ་ཁོངས་་ཡུལ་སྐོར་གྱི་ལེ་ལག་འཕེལ་རྒྱས་ཆེན་པོའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ། མུ་ཏིག་ཕྲེང་སྦྲེལ་ལྟ་བུའི་སྦྲེལ་ཐག་བཟོ་བ་དང་། མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། སྐུ་མགྲོན་ཁྱིམ་དུ་འབྱོར་བ་ལྟ་བུ་བཅས་ཀྱི“ལས་གཞི་ཆེན་པོ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། “སྐོར་གསུམ་མཚམས་བརྒྱད”ཀྱི་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་ངང་ཆགས་བཞིན་ཡོད། ཀྲུང་གོ་ཚན་རིག་ཁང་གི་རླུང་ཁམས་ཆེན་པོའི་དངོས་ལུགས་ཞིབ་འཇུག་ཁང་གིས་ལག་རྩལ་དང་། ཤེས་ལྡན་པ། ལས་སྟེགས་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ལྷ་ས་དང་ལག་གདང་སྦྲེལ་ནས་ལྷ་སའི་ཁྱད་ཆོས་ལྡན་པའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་ཐོན་ལས་ཀྱི་སྤུས་མཐོའི་འཕེལ་རྒྱས་དེ་བས་ལེགས་པར་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཚའོ་ཅུན་ཅིས་ལྷ་ས་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་ཚན་རིག་ཁང་རླུང་ཁམས་ཆེན་པོའི་དངོས་ལུགས་ཞིབ་འཇུག་ཁང་གི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད།མཉམ་ལས་གནང་རྒྱུའི་དགོངས་འཆར་ངོ་སྤྲོད་ཞིབ་ཕྲ་གནང་བ་རེད། ཀྲུང་གོ་ཚན་རིག་ཁང་རླུང་ཁམས་ཆེན་པོའི་དངོས་ལུགས་ཞིབ་འཇུག་སུའོ་ཡིས་ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་སྣེ་ཁྲིད་དུ་བྱས་ནས་ལྷ་སའི་དགོས་མཁོ་དང་འབྲེལ་མཐུད་གཏིང་ཟབ་བྱས་ཏེ་མཉམ་ལས་ཀྱི་མངའ་ཁོངས་ཁྱོན་ཡོངས་ནས་རྒྱ་ཆེར་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་དེ་བས་མང་བའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社