(པར་ངོས་དང་པོར་མཐུད)སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁ་སེལ་བའི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དང་། གྲོས་འགོ་བསྡུ་རུབ་རྒྱུན་རྣམ་ཅན། དང་བླངས་ཞབས་ཞུ་ཚད་ལྡན་ཅན་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། སེམས་ནུས་ཡོད་རྒུས་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་།སེམས་ཁྲལ།དཀའ་ངལ།རེ་སྒུག་བཅས་ཐག་གཅོད་བྱེད་པའི་གྲུབ་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་གསུངས་གནང་ཡོད།
ཟླ་4ཚེས་24ཉིན།གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་གྱི་པུའུ་ཀྲང་ཚོགས་འདུ་འཚོགས་ཤིང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཏིང་ཁྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་སྤྱི་ཚོགས་ལས་དོན་ཚོགས་འདུ་དང་། རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་གྱི་པུའུ་ཀྲང་ཚོགས་འདུའི་དགོངས་དོན། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན། དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་སྐོར་གྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་མཆན་འགོད་མཛུབ་སྟོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད།2024ལོའི་ལས་དོན་ལ་ཕྱོགས་བསྡོམས་དང་2025ལོའི་ལས་འགན་བཀོད་སྒྲིག་ཀྱང་བྱས་པ་རེད།
ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་སྡེ་ཚན་བཙུགས་ཚུན་དོན་ཆེན་བཞིར་དམིགས་པ་དང་།འཛུགས་གཏོད་བཞིར་ཤུགས་སྣོན་རྒྱག་པ། གདོང་དམག་བདུན་ཡག་པོ་བྱེད་པའི་འབད་འཐབ་དམིགས་ཚད་ལ་དམིགས་པ་བཅས་བྱས་ནས་རྩ་དོན་ལྔ་མཐའ་འཁྱོངས་དང་འཐབ་ཇུས་ཆེན་པོ་བཞི་ལག་བསྟར་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་གྱི་བསམ་ཕྱོགས་རིམ་བཞིན་ཁ་གསལ་དང་། དམ་འཛིན་བྱ་གཞི་རིམ་བཞིན་ཞིབ་ཕྲ། ལས་ཀའི་རྣམ་པ་རིམ་བཞིན་ཆགས་པ། འགོ་ཡག་པོ་འཛུགས་ཐུབ་པ་བཅས་བྱེད་དགོས་པའི་ནན་གསུངས་གནང་ཡོད།
ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ལས་ཀའི་དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ། སྤྱི་ཚོགས་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་ཏན་ཏིག་བཏང་སྟེ།ཏང་གིས་སྤྱི་ཚོགས་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་ལས་དོན་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་བཅས་བྱས་ནས་དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་གྱི“རྒྱུགས་འབུལ་ལམ་བུར”ཡག་པོ་སྐྱོད་དགོས། སྒྱུར་བཅོས་དང་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་དང་། ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་གོང་བུ་འགྲིལ་ཤུགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཏང་གིས་སྤྱི་ཚོགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། ལས་ཀའི་འགན་འཁུར་ཤུགས་ཆེ་རུ་གཏོང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ལས་དོན་ཡག་པོ་སྒྲུབ་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་དམ་པ་དོན་གཉེར་དང་། ཡར་རྒྱས་བརྩོན་ལེན། སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དེ་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྤྱི་ཚོགས་ལས་དོན་སྡེ་ཚན་གྱིས་ལེགས་སྐྱེས་གསར་པ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社