ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་གྱིས་རྒན་གསོའི་ཞབས་ཞུའི་ལས་དོན་གྱི་དོན་གཅོད་ཚོགས་འདུ་འཚོགས་པ་རེད།
ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ས་ཁོངས་རྒན་གསོའི་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་16དང་། གྲོང་གསེབ་ཀྱི་བདེ་སྐྱིད་ཁང་7 རྒན་གསོའི་ས་ཚིགས་7བཅས་བཙུགས་པ་དང་འབྲེལ་འཁོར་སྐྱོད་བྱས་ཏེ་གྲོང་གསེབ་དང་སྡེ་ཁུལ་གྱི་རྒན་རྒོན་གྱི་བྱེད་སྒོ་སྤེལ་ཡུལ་གྱི་ཞན་ཆ་གསབ་ཡོད། ཐ་སྐྱོང་དང་། ཀུན་ཕན། ཁྲོམ་ར་ཅན་བཅས་ཀྱི་བྱ་ཐབས་གཞིར་བཟུང་། རྒན་རྒོན་ལ“རོགས་སྐྱོར་དྲུག”དང་དེ་བཞིན་སེམས་ཁམས་སེམས་གསོ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཤིང་། རྒན་རྒོན་དེ་བས་མང་བས་སྲོལ་རྒྱུན་གྱི་འདུ་ཤེས་ལ་འགྱུར་ལྡོག་བཏང་ནས་ཁྱིམ་དུ་བསྡད་ནས་སྡེ་ཁུལ་གྱི་ཞབས་ཞུ་ལོངས་སུ་སྤྱོད་པ་དང་། ཁྱིམ་དང་ཁ་བྲལ་ཡང་གྲོང་ཚོ(གྲོང་ལྷན)དང་ཁ་མི་འབྲལ་བའི་སྒོ་འགྲམ་གྱི་རྒན་གསོའི་ཞབས་ཞུ་རིམ་བཞིན་མངོན་འགྱུར་བྱུང་ཡོད། གཞན་ཡང་ད་ལོ་ད་དུང《ལྷ་ས་གྲོང་ཁྱེར་སྡེ་ཁུལ་གྱི་བསྒར་འཇུག་རྣམ་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལས་གྲྭའི་ལག་བསྟར་ཇུས་གཞི》བཏོན་ནས་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་40རུ་ཚོད་ལྟ་བྱས་ཏེ་ནུས་པ་ཆ་ཚང་བ་དང་། བཀོད་སྒྲིག་ལུགས་མཐུན། ཀུན་ཕན་མཉམ་སྤྱོད་བཅས་ཀྱི་སྡེ་ཁུལ་གྱི་བསྒར་འཇུག་རྣམ་པའི་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་ས་ཚིགས་བསྐྲུན་ནས་རྒན་རྒོན་དེ་བས་མང་བར་ཕན་པ་ཐོབ་ཐབས་བྱས་ཡོད།
འདས་ཟིན་པའི་ལོ་གཅིག་ནང་གྲོང་ཁྱེར་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅིང་། ཚོཊ་ཞུགས་མི་སྣས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་རྒན་གསོའི་ཞབས་ཞུའི་ལས་དོན་ལ་དམ་པོར་དམིགས་ཏེ་ཕྱོགས་མང་པོའི་ཐད་ནས་དངོས་སྒྲུབ་གོ་ཆོད་ཀྱི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་ཡོད།
ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ལས་དོན་དང་དང་བླངས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཟླ་བ་སྒྲོལ་མས།ད་ཐེངས་ཀྱི་གྲོང་ཁྱེར་ཡོངས་ཀྱི་རྒན་གསོའི་དོན་གཅོད་ཚོགས་འདུར་ཞུགས་རྒྱུ་བྱུང་བ་ནི་གཟི་བརྗིད་ལྡན་པ་ཞིག་རེད། སྤྱི་ཚོགས་རྩ་འཛུཊ་ཤིག་ཡིན་པའི་ངོས་ནས་རྒན་རྒོན་གཅིག་དང་ཕྲུ་གུ་གཅིག་དང་།དཀའ་ངལ་ཡོད་པའི་བྱིས་པ།དམངས་སྲིད་ཞབས་ཞུའི་ས་ཚིཊ་སོཊ་ཀྱི་ལས་དོན་ནང་ཞུཊ་རྒྱུ་བྱུང་བ་ནི་དེ་བས་གཟི་བརྗིད་ལྡན་པ་ཞིག་རེད། ང་ཚོས་ངེས་པར་དུ་ནུས་ཤུཊ་ཡོད་རྒུས་སྤྱི་ཚོཊ་ཀྱི་འགན་འཁྲི་ཁུར་ཏེ་དཀའ་ངལ་ཡོད་པའི་མི་ཚོགས་ལ་ཞབས་འདེཊ་ཞུ་བའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社