分享按钮

དཔེ་ཀློག་གི་དབྱངས་སྒྲ་ཕྱོགས་བཅུར་ཁྱབ་ཅིང་དམངས་ཡོངས་ཀྱི་དཔེ་ཀློག་གིས་སེམས་ཀྱི་ཞིང་སར་བདེ་བ་སྦྱིན།

རང་གྲོང་གིས་འཛམ་གླིང་དཔེ་ཀློག་ཉིན་མོའི་བྱེད་སྒོ་སྣ་ཚོགས་སྤེལ་བ།

པར་འདི་ནི་ལྷ་སའི་དཔྱིད་དུས་ཀྱི་དཔེ་ཀློག་འདུ་ཚོགས་སྐབས་གཉིས་པའི་ཡུལ་དངོས་ཡིན་ཞིང་། རྩོམ་པ་པོ་ཚེ་རིང་ནོར་བུ་མཆོག་གིས་བརྩམས་སྒྲུང་གསར་རྩོམ་ཐད་ཀྱི་མྱོར་ཚོར་གླེང་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཆེས་མཛེས་སྡུག་ལྡན་པའི་དབྱར་ཟླ་བཞི་པ་ནི་དཔེ་ཀློག་གི་དུས་སྐབས་ཡག་ཤོས་ཤིག་རེད། ཟླ་4ཚེས་23ཉིན། འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས་30པའི་སྐབས་སུ། ལྷ་ས་གྲོང་ཁྱེར་གྱིས་དཔེ་ཀློག་ཁྱབ་གདལ་དུ་གཏོང་བའི་བྱེད་སྒོ་སྣ་ཚོགས་སྤེལ་བ་སྟེ། “དཔེ་ཆ་བའི་ལྷ་ས”འཛུགས་སྐྱོང་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་ཏེ། དམངས་ཡོངས་ཀྱི་དཔེ་ཀློག་དེ་དར་སྲོལ་ཞིག་ཏུ་འགྱུར་བར་སྐུལ་འདེད་བཏང་བ་རེད།

ཟླ་4ཚེས་23ཉིན། ལྷ་ས་གྲོང་ཨུད་དྲིལ་བསྒྲཊ་པུའུ(གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་ཅུས)ཡིས་གཙོ་གཉེར་གནང་བ་དང་། ཁྲི་ཏོ་རེ་རིག་རྩལ་ཁུལ(ཁྲི་ཏོ་རེ་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སི)གྱིས་སྒྲུབ་འགན་འཁུར་བའི“དཔེ་ཆ་བའི་ལྷ་སར། དཔེ་ཀློག་མཉམ་སྤྱོད་བྱེད”ཅེས་པ་གཙོ་དོན་དུ་བྱས་པའི་འཛམ་གླིང་དཔེ་ཀློག་ཉིན་མོའི་བྱེད་སྒོ་དེ་ཚེ་མཆོག་གླིང་ཁྲི་ཏོ་རེའི་རིག་རྩལ་ཁུལ་དུ་སྤེལ་བ་རེད།

ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ(གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་ཅུས)ཡིས་ཞིབ་ཚགས་པོའི་སྒོ་ནས་བཏོད་པའི“དམངས་ཡོངས་ཀྱི་དཔེ་ཀློག་དར་སྤེལ་བཏང་ནས་དཔེ་ཆ་བའི་ལྷ་ས་འཛུགས་སྐྱོང་བྱེད”ཅེས་པ་དང་། “དངོས་ཚན་དཔེ་ཁང་དང་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད”ཅེས་པའི་མུ་འབྲེལ་བྱེད་སྒོའི་གྲས་ཤིག་ཡིན་པའི་ངོས་ནས། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་དམངས་ཡོངས་ཀྱི་དཔེ་ཀློག་གི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ཏེ། ལྷ་ས་གྲོང་ཁྱེར་དུ་དཔེ་ཀློག་གི་རྣམ་པ་ཟབ་མོ་ཞིག་བསྐྲུན་ནས་གྲོང་མིའི་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ཡིན། གྲོང་མི་བསོད་ནམས་ཆོས་འཛོམས་ཀྱིས་བློ་སེམས་མཐུན་པའི་གྲོགས་པོ་ཚོ་དང་མཉམ་དུ་འཛོམས་ནས་ཡི་གེའི་ཡིད་དབང་འཕྲོག་ཤུགས་ཐུན་མོང་ཐོག་མྱོང་ཚོར་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། མི་དེ་བས་མང་བ་དཔེ་ཀློག་གི་བྱེད་སྒོའི་ནང་ཞུགས་རྒྱུའི་རེ་བ་ཡོད་ཅེས་བཤད།

བྱེད་སྒོ་སྤེལ་ཡུལ་དུ། “དཔེ་ཀློག་ཁྱབ་སྤེལ་བ་ཡག་ཤོས”ཐུབ་བསྟན་ཕུན་ཚོགས་དང་རྩོམ་པ་པོ་གྲགས་ཅན་ཚེ་རིང་གཡང་འཛོམས་གཉིས་ཀྱིས་རང་ཉིད་ཀྱི་འཚར་ལོངས་ཀྱི་བརྒྱུད་རིམ་དང་ཟུང་འབྲེལ་བྱས་ནས་དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད་གནང་བར་མ་ཟད། གསུང་རབ་མང་པོ་ཞིག་འོས་སྦྱོར་ཡང་བྱས་པ་རེད། ཐུབ་བསྟན་ཕུན་ཚོགས་ཀྱིས་དེ་རིང་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཡིན་པ་དང་། ཡུལ་དངོས་སུ་གྲོཊ་པོ་ཆུང་ཆུང་དང་། གཞོན་ནུ། རྒན་རྒོན་བཅས་མང་པོ་ཕེབས་འདུག ལོ་ཚོད་མི་འདྲ་བའི་མི་ཚོཊ་བྱེད་སྒོ་འདིའི་ནང་ཞུགས་པ་དེས་སྤྱི་ཚོགས་ཀྱིས་དཔེ་ཀློག་ལ་འཛིན་པའི་ལྟ་བར་འགྱུར་ལྡོག་བྱུང་བ་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་མ་ཟད། ལྷ་སའི་དཔེ་ཀློག་གི་རྣམ་པ་སྔར་བས་ལེགས་སུ་འགྲོ་བཞིན་ཡོད་པ་ཡང་ར་སྤྲོད་བྱས་ཡོད་ཅེས་བཤད།

ཉིན་དེར་དུས་ཡུན་ཉིན་ལྔ་ཡིན་པའི“ལྷ་སའི་དཔྱིད་དུས་ཀྱི་དཔེ་ཀློག་འདུ་ཚོགས”སྐབས་གཉིས་པ་ཡང་བདེ་བླག་ངང་མཇུག་འགྲིལ་བ་རེད། མཇུག་འགྲིལ་བྱེད་སྒོ་ཡིན་པའི་ངོས་ནས་བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚེ་རིང་ནོར་བུ་དང་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཕུར་བུ་མཚམས་གཅོད་གཉིས་ཀྱིས་བརྩམས་སྒྲུང་གསར་པ《རླུས་བུས་གཡོ་བའི་དབུས་གཙང》ལ་དམིགས་ནས་གླེང་མོལ་གནང་སྟེ་རྩོམ་རིག་དང་ལོ་རྒྱུས་ལ་དཔྱད་གླེང་གནང་བ་རེད། དཔེ་དེབ་འདིས་ལོ་རྒྱུས་ཀྱི་དོན་རྐྱེན་དངོས་བརྟེན་གཞིར་བྱས་ནས་ཚེ་རིང་ནོར་བུ་མཆོག་གིས་ལོ་རྒྱུས་དང་། མི་རིགས། ལས་དབང་བཅས་ལ་བསམ་གཞིག་ནན་པོ་བྱས་པ་མཚོན་ཡོད།

ཀློག་པ་པོ་ཡུན་ཀུའོ་ཡིས། “དཔྱིད་དུས་ཀྱི་ལྷ་ས”དང་།“དཔེ་ཆ་བའི་ལྷ་ས”ནི་ལྷ་སས་ང་ལ་བཞག་པའི་བག་ཆགས་དང་པོ་དེ་ཡིན། ཐེངས་དང་པོར་ལྷ་སར་ཡོང་བ་དང་ལྷ་སར་འཚོ་བ་སྐྱེལ་གྲབས་ཡོད་པའི་མི་ཞིག་ཡིན་པའི་ངོས་ནས། ང་བྱེད་སྒོ་འདི་འདྲར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་བཤད། ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་སྤྱི་པའི་ཞབས་ཞུ་ཁའོ་ཡི་ཁའོ་ཀྲང་བདེ་གཡང་གིས་ངོ་སྤྲོད་གནང་བ་ལྟར་ན། ཕྱིས་འབྱུང་ང་ཚོས“ལྷ་སའི་དཔྱིད་དུས་ཀྱི་དཔེ་ཀློག་འདུ་ཚོགས”དེ་སྤུས་རྟཊ་བྱེད་སྒོ་ཞིག་ཏུ་བརྩིས་ནས་རྒྱུན་མཐུད་ངང་ཡག་པོ་གཉེར་བ་དང་། ལོ་རེའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་གསར་གཏོད་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གཉེར་ནས་ཚང་མར་ལོ་གཅིག་གི་འཆར་གཞི་ནི་དཔྱིད་ཀར་ཐུག་པ་དང་། དཔེ་ཀློག་ནི་དཔྱིད་ཀ་ནས་མགོ་བརྩམས་དགོས་པ་ཤེས་སུ་འཇུག་རྒྱུ་ཡིན་ཞེས་བཤད།

བར་སྐོར་ཁྲོང་གཞུང་བསྟན་རྒྱལ་གླིང་སྡེ་ཁུལ་གྱིས་གསར་གཏོད་བྱས་པའི“འཛམ་གླིང་དཔེ་ཀློག་ཉིན་མོའི”གཙོ་དོན་བྱེད་སྒོ་དང་ཁྲོམ་གཞུང་བཅོས་སྐྱོང་ཟུང་འབྲེལ་བྱས་ནས“ཏང་ཡོན་གྱིས”“བུད་མེད”དང“དྲ་མིག་པར”སྣེ་ཁྲིད་བྱས་ཏེ“ཁོར་ཡུག་གསར་བརྗེ”དང“བསམ་བློར་བློ་སྐྱེད་བྱུང་བ”གཉིས་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་ཡོད། བྱེད་སྒོའི་ཁྲོད་བུད་མེད་དང་བླངས་པ་བདེ་གཡང་གིས《ངར་ལྕགས་ནི་ཇི་ལྟར་བཙོ་སྦྱང་བྱས་པ་ཡིན》ཞེས་པའི་དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་། དེབ་དེའི་ནང་གི་མི་སྣ་གཙོ་བོའི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ཀྱིས་ཁོང་ལ་དང་བླངས་ཞབས་ཞུའི་ཁྲོད་འགན་འཁུར་ཕོད་པ་བྱེད་དགོས་པའི་སྐུལ་མ་བཏང་ཡོད།

དཔེ་ཀློག་མཉམ་སྤྱོད་འདུ་ཚོགས་གྲོལ་རྗེས། དྲ་མིག་པས་ལས་ཐོག་ཏང་ཡོན་དང་བུད་མེད་དང་བླངས་པར་གཞོགས་འདེགས་བྱས་ཏེ་གང་བྱུང་དུ་བཞག་པའི་འཕྲུལ་སྒུལ་མིན་པའི་འཁོར་རིགས་30ལ་བཅོས་སྒྲིག་བྱས་པར་མ་ཟད། སྐོར་སྐྱོད་ཚོང་དུད་3ལ་གཉེར་སྐྱོང་ཚད་ལྡན་བྱེད་དགོས་པའི་ཁྲིད་སྟོན་ཡང་བྱས་ནས་གཞི་རིམ་ཞབས་ཞུའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་རེད།

མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཤང་ལྟེ་བའི་སློབ་ཆུང་དུ། མལ་གྲོ་གུང་དཀར་རྫོང་ཨུད་དྲིལ་བསྒྲཊ་པུའུ་ཡིས་རྫོང་སློབ་གསོ་ཅུས་དང་མཉམ་འབྲེལ་བྱས་ཏེ་དཔེ་ཀློག་གི་དབྱངས་སྒྲ་སློབ་གྲྭར་ཁྱབ། དཔེ་ཀློག་གི་རྒྱང་ལམ་གསར་བ་གཏོད་ཅེས་པའི་འཛམ་གླིང་དཔེ་ཀློག་ཉིན་མོ་དང་དབྱར་ཟླ་བཞི་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་ཅིང་།དེའི་ནང་ཡིག་གཟུཊ་འགྲེམས་སྟོན་དང་། མི་སྟོང་གི་གྱེར་འདོན། སྒྲ་སྙན་དཀྲོལ་གཏོང་། བོད་རྒྱ་སྐད་གཉིས་ཀྱི་གྱེར་འདོན་འགྲན་བསྡུར་སོཊ་ཚུད་ཡོད།དགེ་སློབ་ཀྱི་འཐུས་མིས་དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད་བྱས་པར་མ་ཟད། གནའ་བོའི་སྙན་ངག་གྱེར་འདོན་དང་གབ་ལན་རྒྱག་པ་སོགས་སྤྲོ་སྣང་ལྡན་པའི་བྱེད་སྒོར་ཞུགས་ཡོད། ཡུལ་དངོས་སུ་ད་དུང་རྩོམ་རིག་གི་གསུང་རབ་དང་།ཚན་རིག་ཁྱབ་གདལ་རིགས་ཀྱི་དཔེ་དེབ། དྲིལ་བསྒྲགས་དངོས་རྫས་སོགས་སྤྲད་པ་དང་། ཡིག་རིས་འགྲེམས་སྟོན་དང་དྲི་བར་ལན་འདེབས་པ་སོཊ་ཀྱི་བྱ་ཐབས་ཐོག་ནས་དྲ་རྒྱའི་བདེ་འཇཊ་ཤེས་བྱ་ཁྱབ་གདལ་དུ་བཏང་བ་རེད། སློབ་གྲྭ་དེའི་སློབ་སྤྱི་བློ་བཟང་བསམ་གཏན་གྱིས་སློབ་གྲྭས“ཏང་འཛུགས་སྐྱོང་དང་སློབ་གསོ་ཟུང་འབྲེལ”གྱི་དཔེ་ཀློག་བྱེད་སྒོར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ་དཔེ་ཀློག་དེ་སློབ་གྲྭའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ནས་དགེ་སློབ་འཚར་ལོངས་ཡོང་བར་རོཊ་རམ་བྱ་རྒྱུ་ཡིན་ཞེས་བཤད།

ལོ་མང་རིང་། ལྷ་ས་གྲོང་ཁྱེར་གྱིས་ཆེད་དོན་དཔེ་ཀློག་ཁྱབ་གདལ་དུ་གཏོང་བ་དང་། དཔེ་ཀློག་མཉམ་སྤྱོད་འདུ་ཚོགས། དཔེ་དེབ་ཞལ་འདེབས་སུ་འབུལ་བའི་བྱེད་སྒོ་སོཊ་ཀྱི་རྣམ་པའི་ཐོག་ནས“དཔེ་ཆ་བའི་ལྷ་ས”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བར་མ་ཟད། དམངས་གཉེར་དངོས་ཚན་དཔེ་ཁང་དེའི་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་ཡང་བྱས་ཡོད། ཕྱིས་འབྱུང་། ལྷ་ས་གྲོང་ཁྱེར་གྱིས་དཔེ་ཀློག་ཁྱབ་གདལ་དུ་གཏོང་བའི་བྱ་ཐབས་རྒྱུན་མཐུད་ངང་གསར་གཏོད་བྱས་ཏེ་དཔེ་ཀློག་གི་ས་བོན་དེ་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་གྲོང་ཁྱེར་འཕེལ་རྒྱས་ལ་རིག་གནས་ཀྱི་སྒུལ་ཤུགས་བསྣན་རྒྱུ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-26 རང་གྲོང་གིས་འཛམ་གླིང་དཔེ་ཀློག་ཉིན་མོའི་བྱེད་སྒོ་སྣ་ཚོགས་སྤེལ་བ། 6 6 拉萨日报藏文 c199981.html 1 དཔེ་ཀློག་གི་དབྱངས་སྒྲ་ཕྱོགས་བཅུར་ཁྱབ་ཅིང་དམངས་ཡོངས་ཀྱི་དཔེ་ཀློག་གིས་སེམས་ཀྱི་ཞིང་སར་བདེ་བ་སྦྱིན། /enpproperty-->