ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པས་བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་ཚན་སློབ་གྲྭ་དང་མཉམ་དུ་2025ལོའི་དུས་ཐེངས་དང་པོའི་རྒྱ་གྲམ་དམར་པོའི་དམའ་རིམ་འཕྲལ་སྡོམ་མྱུར་སྐྱོབ་པའི་གསོ་སྦྱོང་དང་དེ་བཞིན་སློབ་མ་གསར་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།
ད་ཐེངས་ཀྱི་གསོ་སྦྱོང་སློབ་ཚན་ནང་གློ་བ་དང་སྙིང་ཁམས་སླར་གསོ་དང་། རྨ་རས་དཀྲིས་སྟངས། དབུགས་ལམ་འགག་པའི་མྱུར་སྐྱོབ་སོགས་ལྟེ་བའི་ནང་དོན་ཚུད་ཡོད། རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་།དངོས་སྦྱོང་ནང་སྦྱོང་།དཔྱད་ཞིབ་དཔྱད་དཔོག་བཅས་ཟུང་དུ་འབྲེལ་བའི་སྣ་མང་ཅན་གྱི་སློབ་ཁྲིད་བྱེད་སྟངས་བརྒྱུད་སློབ་མས་སྲོག་སྐྱོབ་ཀྱི་རྩལ་ནུས་ཁོང་དུ་ཏན་ཏིག་ཆུད་པའི་འགན་ལེན་བྱས་ཡོད། གསོ་སྦྱོང་ནང་ཞུཊ་མཁན་དགེ་རྒན་གྱིས་ལད་ཟློས་རྣམ་པའི་བཀོལ་སྤྱོད་ནང་ཧུར་ཐག་ཞུཊ་པ་དང་འཆད་ཁྲིད་དགེ་རྒན་གྱིས་ཡུལ་དངོས་སུ་མཛུབ་ཁྲིད་དང་ནོར་འཁྲུལ་ཡོ་བསྲང་བྱས་པས་སློབ་སྦྱོང་གི་རྣམ་པ་ཟབ་མོ་ཡོད། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཞའོ་ལིས་འཕྲལ་སྡོམ་མྱུར་སྐྱོབ་ནི་ཚེ་སྲོག་གི་བདེ་འཇཊ་ལ་འགན་ལེན་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་རྩལ་ནུས་གལ་ཆེན་ཞིག་རེད། སློབ་གྲྭའི་དགེ་རྒན་རྣམ་པ་ནི་འཐབ་ས་དང་པོའི་སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་མྱུར་སྐྱོབ་ཀྱི་རྩལ་ནུས་ཁོང་དུ་ཆུད་པ་བྱ་རྒྱུ་དེ་དགེ་སློབ་ལ་ཞབས་འདེཊ་ཞུ་བ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུར་ཆ་མཚོན་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།
ད་ཐེངས་སློབ་མ་25དཔྱད་དཔོག(བསྐྱར་སྦྱོང་མི་སྣ་5ཚུད་པ)ལོན་ནས་རྒྱ་གྲམ་དམར་པོའི་མྱུར་སྐྱོབ་པའི་ལག་ཁྱེར་རག་པ་རེད། རྗེས་མར་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པས་གསོ་སྦྱོང་གི་ཁྱབ་རྒྱ་མུ་མཐུད་དུ་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱི་བདེ་ཐང་གི་འདུ་ཤེས་དང་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མི་ཚང་མས་མྱུར་སྐྱོབ་ལ་སློབ་སྦྱོང་དང་མྱུར་སྐྱོབ་བྱ་རྒྱུ་མི་ཚང་མའི་ཆེད་དུ་ཡིན་པའི་སྤྱི་ཚོགས་ཀྱི་ཡ་རབས་སྲོལ་བཟང་གཏོད་རྒྱུ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社