分享按钮

(པར་ངོས་དང་པོར་མཐུད)རྣམ་གྲངས་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པ་སྟེ། རྣམ་གྲངས་ལ་ཡུལ་དངོས་སུ་བཀོད་གཏོང་དང་གདུབ་ཟུམ་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཐོག་ཏུ་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འགྲུབ་བྱ་རྒྱུར་འགན་ལེན་བྱེད་དགོས། འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་དགོས་པ་སྟེ་དུས་ཆེན་དང་ངལ་གསོ་གལ་ཆེན་ལ་དམིཊ་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་འཆར་འགོད་ཧུར་ཐག་བྱེད་དགོས། ཐོན་ལས་སྟོབས་ཆེར་གཏོང་དགོས་པ་སྟེ། རང་ངོས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ངེས་གནས་འཚོལ་ཞིབ་གནད་འཁེལ་བྱས་ཏེ་ཕུགས་བརྟན་མ་རྩ་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས། ཚོང་འགུག་མ་འདྲེན་བྱེད་དགོས་པ་སྟེ། ཐོན་ལས་དང་བོད་སྐྱོར་སོཊ་གཙོ་གནད་ཕྱོགས་བརྒྱད་ལ་དམིཊ་ནས་ཚོང་འགུག་བྱས་ཏེ་ཚད་བརྒལ་གསར་པ་ཡོང་ཐབས་བྱེད་དགོས། དམངས་འཚོ་ལེགས་སུ་གཏོང་དགོས་པ་སྟེ། ལྗོངས་དང་གྲོང་ཁྱེར་གྱི་དམངས་འཚོའི་དོན་དངོས་དོན་འཁྱོལ་ཡག་པོ་བྱས་ཏེ་གཞི་རྩའི་དམངས་འཚོའི་ལས་དོན་ཏན་ཏིག་བསྒྲུབ་དགོས། ཐོན་སྐྱེད་བདེ་འཇཊ་ཡོང་བར་བྱེད་དགོས་པ་སྟེ། གཙོ་གནད་ལས་རིཊ་ལ་དོ་ཁུར་དམ་ཟབ་བྱས་ཏེ་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ནས་དམངས་ཡོངས་ཀྱི་བདེ་འཇཊ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཁ་གསབ་ཀྱི་གོ་རིམ་ལེཊ་སུ་གཏོང་བ་དང་འགུལ་རྣམ་ལ་ལྟ་སྐུལ་ཚད་ལེན་བྱེད་ཤུཊ་ཆེ་རུ་གཏོང་བ། སྲིད་ཇུས་དྲིལ་བསྒྲཊ་བྱེད་ཤུཊ་ཆེ་རུ་གཏོང་བ་བཅས་བྱས་ཏེ། 《2025ལོའི་དཔལ་འབྱོར་ལ་སྐུལ་འདེད་དང་། དམངས་འཚོར་ཕན་འདོཊ་པ། ཁེ་ལས་ལ་རོཊ་རམ་བཅས་བྱེད་པའི་སྲིད་ཇུས་དོན་ཚན་བརྒྱད》དང་ཞིབ་བསྡུར་བྱས་ནས་དོན་འཁྱོལ་ཡག་པོ་བྱེད་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། འབྲེལ་ཡོད་བྱ་ཐབས་དང་ཞིབ་སྲོལ་གཞིར་བཟུང་། གྲོང་གསེབ་ཀྱི་ཐུན་མོང་གི“མ་རྩ་གསུམ”གྱི་མ་མཐའི་གྲངས་ཚད་ཤེས་རྟོགས་གསལ་པོ་བྱས་ནས་ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། གྲོང་གསེབ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་བྱ་བ་བཟང་པོ་ལེགས་པར་སྒྲུབ་པ་དང་དམ་པ་དོན་གཉེར་བྱེད་དགོས།

ཚོགས་འདུའི་བླང་བྱ་བཏོན་དོན། བརྒྱུད་རིམ་ཧྲིལ་པོའི་གདུབ་ཟུམ་དོ་དམ་ཚད་ལྡན་དུ་གཏོང་བ་དང་། ཐག་གཅོད་ཀྱི་ནུས་པ་མཐོ་རུ་གཏོང་བ། འབྱུང་རྩ་ནས་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་བ། འཛུགས་སྐྲུན་གད་སྙིགས་ཀྱི་བཙོག་སྐྱོན་འགོག་བཅོས་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱེད་དགོས།

ཚོཊ་འདུའི་ཐོག་ད་དུང་གནའ་གྲོང་དོ་དམ་དང་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་སོཊ་ཀྱི་དོན་ཚན་ལའང་ཞིབ་འཇུག་གནང་བ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-26 6 6 拉萨日报藏文 c199977.html 1 /enpproperty-->