(པར་ངོས་གསུམ་པར་མཐུད)དེ་དག་ཚང་མ་དྲ་ཐོག་ནས་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། འཚོ་བའི་ཁྲོད་ཁོར་ཡུག་ལ་གཅེས་སྐྱོང་དང་འབྱུང་ཁམས་དོ་མཉམ་སྲུང་སྐྱོང་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་བདེ་འཇགས་ཆེད་སྟོབས་ཤུགས་ལེཊ་སྐྱེས་སུ་འབུལ་དགོས་ཞེས་བཤད་པ་རེད།
སླད་ཕྱིན། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གིས་རྒྱལ་ཁབ་བདེ་འཇགས་སློབ་གསོ་སློབ་གྲྭར་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སློབ་ཆེན་དང་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་གཞི་གཅིག་ཅན་གྱི་འདུ་ཤེས་དང་ཟུང་འབྲེལ་བྱས་ནས་བསམ་བློ་ཆབ་སྲིད་སློབ་ཚན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ས་གནས་དེ་གའི་སློབ་གྲྭ་དང་སློབ་ཚན་དང་འཚམ་པའི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་སློབ་གྲྭའི་སློབ་ཚན་གསར་སྤེལ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། དེ་དང་ཆབས་ཅིག་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་ཟླ་བར་གཙོ་དོན་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཕྲུ་གུ་ཚོའི་སེམས་སུ་འཇགས་པར་བྱས་ནས་ཀྲུང་ཧྭ་མི་རིཊ་གཅིག་མཐུན་ཚོཊ་པའི་འདུ་ཤེས་བརྟན་དུ་གཏོང་ཆེད་ནུས་ཤུཊ་ཕྲན་བུ་འདོན་རྒྱུ་རེད།
ད་ཐེངས་ཀྱི་དྲ་ཐོག་སློབ་ཁྲིད་བྱེད་སྒོ་བརྒྱུད་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དང་ཅང་སུའུ་ཞིང་ཆེན་རུའུ་ཏུང་མཐོ་རིམ་སློབ་འབྲིང་གི་སློབ་མའི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་གཏིང་ཟབ་ཏུ་ཕྱིན་པར་མ་ཟད། ད་དུང་མཐའ་མཚམས་དང་མི་རིགས་ས་ཁུལ་དུ་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཁྱབ་གདལ་གཏོང་བར་བསམ་ཕྱོགས་དང་རྣམ་པ་གསར་པ་མཁོ་འདོན་བྱས་ཡོད། འབྱུང་འགྱུར་ཕྱོགས་གཉིས་པོས་མུ་མཐུད་མཉམ་ལས་བྱས་ནས་རྒྱལ་ཁབ་བདེ་འཇགས་སློབ་གསོ་སྔར་ལས་རྒྱ་ཆེ་བའི་ཁྱབ་ཁོངས་ནང་རྩ་བ་ཚུགས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ལྡན་པའི་དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་གསོ་སྐྱོང་བྱ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社