分享按钮

《ལྷ་སའི་སྐྱིད་ཆུ》ཞེས་པའི་དཔེ་ཀློག་མཉམ་སྤྱོད་ཀྱི་ཚོགས་འདུ་འཚོགས་པ།

(པར་ངོས་གསུམ་པར་མཐུད)ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཕྱོགས་བསྡུས་ཁོའོ་ཡི་ཁོའོ་ཀྲང་སྤེན་རྒོད་ཀྱིས་ད་ཐེངས་དཔེ་ཀློག་སྤེལ་རེས་དང་མཉམ་སྤྱོད་ཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི་དམངས་ཡོངས་ཀྱི་དཔེ་ཀློག་དང་རིག་རྩལ་གསར་རྩོམ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ང་ཚོས་བྱེད་སྒོ་འདི་འདྲ་བ་བརྒྱུད་མི་དེ་བས་མང་བས་རྩོམ་རིག་ལ་དགའ་ཞེན་དང་དོན་གཉེར་བྱེད་པར་སྐུལ་སློང་བྱེད་པ་དང་། ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་དེ་བས་གཅིག་ཏུ་བསྡུས་ཏེ། ཐུན་མོང་ཐོག་གངས་ལྗོངས་ཀྱི་གནའ་བོའི་གྲོང་ཁྱེར་གནས་མཆོག་ལྷ་སའི་ཡིད་དབང་འཕྲོག་པའི་གཏམ་རྒྱུད་ཡག་པོ་བཤད་ནས་གནའ་ཉམས་དོད་ལ་གསོན་ཤུགས་ཀྱིས་ཁེངས་པའི་གྲོང་ཁྱེར་འདི་ཉིད་དུས་རབས་གསར་པའི་ནང་དེ་བས་ཉམས་འགྱུར་ལྡན་པ་ཞིག་ཏུ་འགྱུར་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-13 6 6 拉萨日报藏文 c202768.html 1 《ལྷ་སའི་སྐྱིད་ཆུ》ཞེས་པའི་དཔེ་ཀློག་མཉམ་སྤྱོད་ཀྱི་ཚོགས་འདུ་འཚོགས་པ། /enpproperty-->