ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་11ཉིན་གྱི་ཕྱི་དྲོ། འཆར་ལ་ཉེ་བའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇཊ་སློབ་གསོའི་ཉིན་མོ་ཐེངས་བཅུ་པ་བསུ་ཆེད། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དང་ཅང་སུའུ་ཞིང་ཆེན་རུའུ་ཏུང་མཐོ་རིམ་སློབ་འབྲིང་གིས་མཉམ་འབྲེལ་ཐོག་རྣམ་པ་གསར་རྐྱང་གི་དྲ་ཐོག་སློབ་ཚན་གྱི་བྱེད་སྒོ་ཞིག་སྤེལ་བ་དང་། ས་གནས་གཉིས་ཀྱི་སློབ་འབྲིང་སློབ་མས་ཐུན་མོང་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་གཙོ་དོན་ཆེན་པོར་དམིགས་ནས་མཉམ་དུ་སློབ་ཚན་ཞིག་འཚོཊ་པ་རེད།
ཅང་སུའུ་ཞིང་ཆེན་རུའུ་ཏུང་མཐོ་རིམ་སློབ་འབྲིང་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་ཁྱབ་ཁོངས་སུ་ཐོག་མཐའ་བར་གསུམ་དུ་མདུན་གྲལ་དུ་སླེབས་ཤིང་། 2014ལོར་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་སློབ་འབྲིང་དཔེ་སྟོན་རྟེན་གཞིའི་མཚན་སྙན་ཐོབ་ཡོད། ད་ཐེངས་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དང་ལག་གདང་སྦྲེལ་ནས་དྲ་ཐོག་སློབ་ཚན་གྱི་རྣམ་པའི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་འདུ་ཤེས་གངས་ལྗོངས་ས་མཐོར་ཁྱབ་སྤེལ་བཏང་བ་རེད། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གིས་ཀྱང་དང་ལེན་ཧུར་ཐག་ཞུས་ནས་བསམ་བློ་ཆབ་སྲིད་སློབ་ཚན་ཐད་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བྱས་ཡོད།
ཉིན་དེའི《ཧོང་ཧའི་མཚོ་འགྲམ་ནས་གངས་ལྗོངས་ས་མཐོའི་བར》ཞེས་པའི་དྲ་ཐོག་སློབ་ཚན་ཐོག་ས་གནས་གཉིས་ཀྱི་དགེ་སློབ་ཚོས་འབྲུ་རིགས་བདེ་འཇགས་དང་རྒྱལ་ཁབ་ཀྱི་ས་ཆའི་བདེ་འཇགས་སོགས་འཚོ་བ་དང་འབྲེལ་བ་ཆེ་བའི་ཞིབ་འཇུག་བྱ་གཞིར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། ས་ཁོངས་ལས་བརྒལ་བའི་སློབ་སྦྱོང་སྤེལ་རེས་བྱེད་སྟངས་དེ་རིགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ་སྔར་བས་གསོན་ཉམས་ལྡན་ཞིང་གཏིང་ཟབ་པར་གྱུར་ཡོད།
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་སློབ་སྤྱི་དབྱིན་ཧྥེ་ཡིས་འདི་ལོ་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་བཅུ་པ་ཡིན་ཞིང་། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གིས་རུའུ་ཏུང་མཐོ་རིམ་སློབ་འབྲིང་གི་ཁྱབ་འགྱེད་སྣེ་ཁྲིད་འོག་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ་མཐའ་མཚམས་དང་མི་རིགས་ས་ཁུལ་དུ་སྤེལ་བར་སྐུལ་འདེད་ཧུར་ཐག་བཏང་ཡོད། དེ་ནི་སློབ་གྲྭ་གཉིས་ཀྱིས་སྦྲེལ་མཐུད་ངང་དྲ་ཐོག་སློབ་ཚན་བྱེད་སྒོ་སྤེལ་ཐེངས་གཉིས་པ་ཡིན་ཞེས་བཤད།
གཞན་ཡང་བྱེད་སྒོའི་ཉིན་དེར། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གིས་ད་དུང་ཅང་སུའུ་ཞིང་ཆེན་རུའུ་ཏུང་རྫོང་པིན་ཧྲན་དམའ་འབྲིང་དང་མ་ཐང་གྲོང་རྡལ་མ་ཧྥུང་སློབ་ཆུང་གི་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་གཙོ་དོན་སྦྲེལ་མཐུད་ཀྱི་དྲ་ཐོག་སློབ་ཚན་སྒྲིག་འཛུགས་བྱས་ནས་སློབ་གསོའི་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་ཡོད་པ་རེད། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ་བརྒྱད་པའི་འཛིན་གྲྭ(6)པའི་སློབ་མ་བསྟན་འཛིན་ཤཱཀྱས་སློབ་ཚན་འདིས་ང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕྱོགས་ཡོངས་ནས་སྔར་བས་ངོས་འཛིན་བྱུང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དེ་དྲ་རྒྱའི་བདེ་འཇགས་དང་འབྱུང་ཁམས་བདེ་འཇགས་སོགས་ཕྱོཊ་མང་པོར་ཁྱབ་པ་ཤེས་རྟོཊ་བྱུང་བ་དང་། དེ་དག་ཚང་མ་རྒྱུན་ལྡན་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད། ངས་བལྟས་ན།ཚང་མས་ཉེ་འཁོར་གྱི་དོན་དག་ཆུང་ཆུང་ནས་འགོ་བརྩམས་ཆོག་པ་དཔེར་ན།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社