ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་10ཉིན། གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱིས་ལྷ་སའི་ཆུ་བཟང་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མཁོ་ཆས། ཞིང་ཕྱུགས་ལས་སྣོན། བོད་ཀྱི་གསོ་བ་རིག་པ། གྲངས་འཛིན་དཔལ་འབྱོར་བཅས་ཐོན་ལས་ཆེན་པོ་ལྔའི་ཁྱབ་ཁོངས་ལ་དམིགས་ནས་བཟོ་ལས་ཐོན་ལས་རིགས་བརྒྱད་ཀྱི་ཁེ་ལས་ལ་རོགས་རམ་དང་དཀའ་ངལ་སེལ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བཞིར་དབྱེ་ནས་འཚོགས་ཤིང་། དེའི་དམིགས་ཡུལ་ནི་ཁེ་ལས་ལ་འཕྲད་པའི་དཀའ་ངལ་གནད་ལ་འཁེལ་བའི་སྒོ་ནས་དམ་འཛིན་བྱས་ཏེ་སེལ་བའི་ཆེད་དུ་ཡིན་པ་རེད། ཐེངས་འདིའི་ཚོགས་འདུའི་ཐོག་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་འབྲེལ་ཡོད་རྫོང་ཆུས(བྱེད་ནུས་གླིང་ཁུལ)ཀྱི་དཔལ་འབྱོར་ཆ་འཕྲིན་སྡེ་ཚན་གྱི་འགན་འཁུར་བ་དང་དེ་བཞིན་ཐོན་ལས་ཆེན་པོ་ལྔའི་ཁྱབ་ཁོངས་ཀྱི་གཙོ་གནད་ཁེ་ལས་50ཡི་འཐུས་མི་གདན་འདྲེན་ཞུས་ཡོད་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་ཁེ་ལས་ཀྱི་འཐུས་མི་ཚོས་གཏམ་བཤད་གང་ལེགས་སྤེལ་ནས་མིག་སྔའི་ཐོན་སྐྱེད་གཉེར་སྐྱོང་ཐད་འཕྲད་པའི་དཀའ་ངལ་དང་། གནད་དོན། དེ་བཞིན་དགོས་མཁོ་བཅས་ཀྱི་ཐད་སྤེལ་རེས་གཏིང་ཟབ་བྱས་པར་མ་ཟད། སླད་ཕྱིན་གྱི་ལས་དོན་ཐད་རྩ་ཆེའི་བསམ་འཆར་དང་གྲོས་འགོ་ཡང་བཏོན་ཡོད། ཁེ་ལས་ཀྱིས་བཏོན་པའི་གནད་དོན་ལ་དམིགས་ནས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་ལས་རིགས་ཀྱི་ལས་སྒོའི་འགན་འཁུར་བས་ཡུལ་དངོས་སུ་ལན་བཏབ་པ་དང་འབྲེལ་ཐོག་མའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་པ་རེད།
ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་ཁྲོད་ཁེ་ལས་ཀྱིས་བཏོན་པའི་དཀའ་ངལ་གྱི་གནད་དོན་50ལྷག་ཙམ་བསྡུ་རུབ་བྱས་ཤིང་། དེའི་ནང་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། ཁྲོམ་ར་གསར་སྤེལ། ཤེས་ལྡན་པ་གསོ་སྐྱོང་སོགས་ཕྱོགས་མང་པོ་ཚུད་ཡོད་པ་རེད། གྲོང་ཁྱེར་དང་རྫོང་གི་དཔལ་འབྱོར་ཆ་འཕྲིན་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་གྱིས་ཡུལ་དངོས་སུ་གནད་དོན་ཁག་20ལྷག་ཙམ་ཐག་གཅོད་བྱས་པར་མ་ཟད། གནད་དོན་གྱི་རྩིས་ཐོ་བཙུགས་ནས་འགན་འཁྲི་འཁུར་མཁན་གྱི་ཚན་པ་དང་ཐག་གཅོད་བྱེད་པའི་ཡུན་ཚད་ཁ་གསལ་བཟོས་ནས་དོན་དག་ཚང་མར་ལན་ཡོད་པ་དང་དོན་དག་ཚང་མ་ཐག་གཅོད་ཐུབ་པའི་འགན་ལེན་བྱས་པ་རེད།
སླད་ཕྱིན།གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་བཟོ་ལས་ཐོན་ལས་རིགས་བརྒྱད་ཀྱི་ལས་རིགས་ཀྱི་འཆིང་རྒྱར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ལས་རིགས་མཐུན་ཚོགས་ཀྱིས་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་མ་གཏོང་བ་དང་། གནད་དོན་གྱི་ཞིབ་ཐོ་དང་སྲིད་ཇུས་ཀྱི་དགོས་མཁོའི་ཞིབ་ཐོར་དབྱེ་ཞིབ་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུར་བརྩོན་ལེན་བྱས་ནས་རང་འགུལ་ངང་ཁེ་ལས་ལ་ཞབས་འདེགས་གང་ལེགས་ཞུས་ཏེ་ཁེ་ལས་ཀྱི་དགོས་མཁོར་གཞིགས་ནས་དཀའ་ངལ་སེལ་བ་དང་རོགས་རམ་བྱས་ཁར་ཐོན་ལས་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱས་ཐོག་ཁེ་ལས་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུ་ཡིན་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社