分享按钮

གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇཊ་ལས་དོན་ཚོཊ་འདུ་འཚོཊ་པ།

ཝང་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་11ཉིན།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་བཀའ་མངགས་ལྟར།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་ཐད་སླར་ཡང་ནན་བཤད་དང་།བཀོད་སྒྲིག དོན་འཁྱོལ་བཅས་བྱས་པ་རེད།

ཚོགས་འདུའི་ཐོག་ཐོན་སྐྱེད་བདེ་འཇགས་ལ་རྒྱུན་དུ་ཡིད་གཟབ་བྱས་ཏེ་ལྷོད་གཡེང་དང་སྣང་མེད་སྤུ་ཙམ་ཡང་མི་བྱེད་པར་ཐོན་སྐྱེད་བདེ་འཇགས་ཀྱི་འཚོ་བའི་སློབ་གསོར་ཤུགས་སྣོན་རྒྱག་དགོས་པ་སྟེ།བདེ་འཇགས་སློབ་གསོ་ཨང་དང་པོར་བཞག་ནས་ཕྱོགས་ཡོངས་དང་།ཁྱོན་ཡོངས།ཁྱབ་ཁོངས་ཡོངས་བཅས་ཀྱི་ཐད་ནས་བདེ་འཇགས་ཀྱི་དྲིལ་བསྒྲགས་དང་སློབ་གསོ་སྤེལ་བ་དང་།མང་ཚོཊ་ཀྱི་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་པ། ལས་མི་ཡོངས་ཀྱི་བདེ་འཇཊ་ཀྱི་འདུ་ཤེས་མཐོ་རུ་གཏོང་བ།མི་ཚང་མར་བདེ་འཇགས་ལ་སྣང་ཆེན་དང་།བདེ་འཇགས་གལ་ཆེར་འཛིན་པ།བདེ་འཇགས་ལ་དམ་འཛིན་བཅས་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱེད་པ་བཅས་བྱས་ནས་དམངས་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་འཚོ་བའི་འགོག་སྲུང་གི་འཛིང་རགས་ཆེན་པོ་བསྐྲུན་དགོས།ཐོན་སྐྱེད་བདེ་འཇགས་ཐད་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། ཆུ་དང་། གློག སོལ་རླངས། དྲོད་རླངས་སོགས་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་ཆེད་དོན་བཅོས་སྐྱོང་གི་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་བ་དང་། གཙོ་གནད་ཀྱི་མངའ་ཁོངས་དང་ཞན་ཆར་དོ་སྣང་དམ་ཟབ་བྱེད་པ། བདེ་འཇགས་དང་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་ཡག་པོ་བྱེད་པ། ཤེས་རྟོགས་བྱུང་བའི་གནད་དོན་ལ་ཞིབ་ཐོ་འགོད་པ་དང་། རིགས་དབྱེ་ཐོ་འགོད་བྱེད་པ། རེ་རེ་བཞིན་ཐག་གཅོད་བཅས་བྱེད་དགོས།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-13 ཝང་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། 6 6 拉萨日报藏文 c202759.html 1 གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇཊ་ལས་དོན་ཚོཊ་འདུ་འཚོཊ་པ། /enpproperty-->