分享按钮

ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

ཆུ་ཤུར་རྫོང་ཚར་པ་ནང་ཡུག་ཁུལ་ཨང་གཉིས་པའི་སྔོ་ལྗང་འབྱུང་ཁམས་ཀྱི་སྲུང་ཡོལ་རིམ་བཞིན་ལེཊ་སུ་ཕྱིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་འགོ་བཙུགས་ཚུན། ཆུ་ཤུར་རྫོང་ཚར་པ་ནང་གྲོང་ཚོའི་ཡུལ་མིས་སྔོ་ལྗང་བྱ་སྤྱོད་ནང་ཧུར་ཐག་ཞུགས་ནས་འབྱུང་ཁམས་འཛུགས་སྐྲུན་བྱེད་པའི་ལམ་བུའི་ཁྲོད་ཀྱི་གདོང་ལེན་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད། དེ་སྔ་འབྱུང་ཁམས་ཅུང་ཉམས་ཞན་ཡིན་པའི་ས་ཁོངས་དེར་ཕྱོགས་ཁག་གི་འབད་བརྩོན་འོག་སྔོ་ལྗང་གསར་པ་དང་སྔོ་ལྗང་འབྱུང་ཁམས་ཀྱི་སྲུང་ཡོལ་རིམ་བཞིན་ལེགས་སུ་ཕྱིན་ཡོད་པ་རེད།

ཉེ་ཆར། གསར་འགོད་པ་ལྷ་སའི་ལྷོ་བྱང་རི་བོའི་2023ལོའི་ལོ་འཁོར་གྱི་ནགས་བཟོ་སྔོ་འགྱུར་ལས་གྲྭའི་ཆུ་ཤུར་རྫོང་ཚར་པ་ནང་ཡུག་ཁུལ་ཨང་གཉིས་པའི་ལས་ཡུལ་དུ་སླེབས་སྐབས་མཐོང་གསལ་ལྟར་ན། ལས་མི་ཚོས་ཤིང་སོན་དབོར་འདྲེན་དང་། སྦྱག་མས་ས་རྒྱོང་བ། སྐྱེ་ལྡན་ལུད་རྒྱག་པ་སོགས་བྱས་ནས་རང་འགན་རང་སྒྲུབ་དང་གཞོགས་འདེགས་དམ་ཟབ་བྱས་ནས་ཚ་ཚ་འུར་འུར་ངང་ངལ་རྩོལ་བྱེད་བཞིན་ཡོད།

ལས་དོན་པས་ངོ་སྤྲོད་བྱས་པར་གཞིཊ་ན། ཡུག་ཁུལ་དེར་སྒྲོན་ཤིང་དང་། རི་ཁམ། ལྕང་མ། གླ་ཚེར་སོགས་ཤིང་སོན་སྣ་ཚོགས་བཙུགས་ཡོད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-13 ཆུ་ཤུར་རྫོང་ཚར་པ་ནང་ཡུག་ཁུལ་ཨང་གཉིས་པའི་སྔོ་ལྗང་འབྱུང་ཁམས་ཀྱི་སྲུང་ཡོལ་རིམ་བཞིན་ལེཊ་སུ་ཕྱིན་པ། 6 6 拉萨日报藏文 c202758.html 1 ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། /enpproperty-->