分享按钮

ཞི་ཅིན་ཕིང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་ སང་ཆེ་སི་དང་མཇལ་འཛོམས་གནང་བ།

ཟླ་4ཚེས་11ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་འཚམས་འདྲི་བྱེད་པར་ཡོང་བའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་11ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་འཚམས་འདྲི་བྱེད་པར་ཡོང་བའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་སྔར་བས་མགྱོགས་སུ་འགྲོ་བཞིན་ཡོད་ལ་ཉེན་ཁ་དང་འགྲན་སློང་མང་པོ་གཅིག་རྗེས་གཉིས་མཐུད་དུ་འབྱུང་བཞིན་ཡོད་པས་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་བྱས་ན་གཞི་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཐུབ། རྒྱལ་སྤྱིའི་གནས་བབ་ཇི་ཙམ་ཟང་ཟིང་དང་རྙོག་འཛིང་ཆེ་ནའང་ཀྲུང་གོ་དང་སི་ཕེན་བར་གྱི་འབྲེལ་བ་བཟང་པོ་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་བའི་གལ་ཆེའི་རང་བཞིན་དེ་ཙམ་གྱིས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ད་ལོ་ནི་ཀྲུང་གོ་དང་སི་ཕེན་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུཊ་ནས་ལོ་ངོ་20འཁོར་བའི་ལོ་ཞིག་ཡིན་པས་ཀྲུང་གོ་ཕྱོཊ་ཀྱིས་སི་ཕེན་དང་འཐབ་ཇུས་ཀྱི་ངེས་ཤུཊ་དེ་བས་ཆེ་བ་དང་འཕེལ་རྒྱས་ཀྱི་གསོན་ཤུཊ་དེ་བས་ལྡན་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོཊ་ཟླའི་འབྲེལ་བ་བཙུགས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བར་སྒུལ་ཤུགས་སྣོན་རྒྱུ་མ་ཟད། འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། བྱ་དངོས་གང་ཞིག་ལ་འཕྲད་ཀྱང་མིག་རྒྱང་རིང་པོ་དང་ཕུགས་ལ་བསམ་བློ་གཏོང་དགོས། ཀྲུང་གོ་དང་སི་ཕེན་གྱི་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་སྲོལ་རྒྱུན་གྱི་མཛའ་གྲོགས་དང་། དོན་དངོས་ཀྱི་དགོས་མཁོ། ཕུགས་ཀྱི་ཁེ་ཕན་བཅས་ལ་དམིགས་པའི་ཡང་དག་པའི་གདམ་ག་ཞིག་ཡིན། ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་མུ་མཐུད་ནས་སྲ་བརྟན་དུ་གཏོང་བ་དང་། ཕན་ཚུན་ཡིད་ཆེས་དང་བརྩི་འཇོག་བྱེད་པ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་དང་དོ་ཁུར་བྱེད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། ལྷག་པར་དུ་ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་ཀྱི་ས་ཆ་ཆ་ཚང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོའི་མི་འབོར་དུང་ཕྱུར་14ལྷག་ཙམ་གྱི་འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོ་དང་ཐོན་ལས་ཕྱོགས་སྒྱུར་གྱི་མི་མངོན་པའི་སྟོབས་ཤུགས་དེས་འཛམ་གླིང་དཔལ་འབྱོར་ལ་སྒུལ་ཤུགས་སྣོན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་དང་མཉམ་དུ་གཉིས་ཕན་གསབ་རེས་མཉམ་ལས་ཀྱི་དགེ་མཚན་བེད་སྤྱོད་ཡག་པོ་བྱེད་པ་དང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-13 6 6 拉萨日报藏文 c202760.html 1 ཞི་ཅིན་ཕིང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་ སང་ཆེ་སི་དང་མཇལ་འཛོམས་གནང་བ། /enpproperty-->