分享按钮

ཁྲེང་ཀོན་ཆུས་ཀྱི་གཙོ་གནད་རྣམ་གྲངས་51གཅིག་སྡུད་ཐོག་ལས་འགོ་བཙུགས་པ།

སྔོན་དཔག་བྱས་པ་ལྟར་ན་དུས་ཚིགས་དང་པོར་སྒོར་དུང་ཕྱུར་9.71མ་འཇོག་བྱ་རྒྱུ་ཡིན་པ།

པར་འདི་ནི་བོད་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ཟོག་ཐོན་རྫས་ཉོ་ཚོང་ཁྲོམ་རའི་གྲང་མཛོད་རྣམ་གྲངས་ཀྱི་འཛུགས་སྐྲུན་བྱ་ཡུལ་དུ་རྐོ་འདྲུའི་འཕྲུལ་འཁོར་གྱིས་ས་སྔོག་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།བོད་ཀྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་རྫས་ཉོ་ཚོང་ཁྲོམ་རའི་གྲང་མཛོད་རྣམ་གྲངས་ཀྱི་འཛུགས་སྐྲུན་བྱ་ཡུལ་དུ་བྲེལ་འཚུབ་ཆེ་བའི་རྣམ་པ་ཞིག་མངོན་ཞིང་།རྐོ་འདྲུའི་འཕྲུལ་འཁོར་དང་བླུག་འཁོར་གྱི་འུར་སྒྲའི་ཁྲོད་ས་དབོར་འདྲེན་བྱེད་བཞིན་ཡོད།སྤྱིའི་མ་འཇོག་ལ་སྒོར་ཁྲི་1300ལྷག་ཙམ་དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་8657.77ཟིན་པའི་ཚད་ལྡན་ཞིང་ཟོག་ཁྲོམ་རའི་རྣམ་གྲངས་དེ་ནི་ཁྲེང་ཀོན་ཆུས་ཀྱི་ད་ལོར་ལས་འགོ་བཙུགས་ཟིན་པའི་གཙོ་གནད་རྣམ་གྲངས་75ཡི་བསྡུས་རིས་ཤིག་ཡིན་པར་མ་ཟད།ཁྲེང་ཀོན་ཆུས་ཀྱིས་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པའི་མཚོན་ཚུལ་ཞིག་ཀྱང་ཡིན།

ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་དར་དམར་གྲོང་ཚོའི་མཉམ་སྡེབ་ཐོན་ལས་ཀྱི་ལྟེ་བའི་རྣམ་གྲངས་ཤིག་ཡིན་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་རྫས་ཉོ་ཚོང་ཁྲོམ་རའི་གྲང་མཛོད་འཛུགས་སྐྲུན་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-13 སྔོན་དཔག་བྱས་པ་ལྟར་ན་དུས་ཚིགས་དང་པོར་སྒོར་དུང་ཕྱུར་9.71མ་འཇོག་བྱ་རྒྱུ་ཡིན་པ། 6 6 拉萨日报藏文 c202757.html 1 ཁྲེང་ཀོན་ཆུས་ཀྱི་གཙོ་གནད་རྣམ་གྲངས་51གཅིག་སྡུད་ཐོག་ལས་འགོ་བཙུགས་པ། /enpproperty-->