分享按钮

བོད་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་པ་ལས་ཀྲུང་ཧྭའི་ཤེས་རིག་སྣ་མང་གཞི་གཅིག་ཡིན་པའི་དོན་དངོས་ར་སྤྲོད་བྱུང་བ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་རིག་དངོས་ཞིབ་འཇུག་སུའོ་ཡིས་ཟླ་4པའི་ཚེས་9ཉིན། 2024ལོའི་བོད་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་གྱི་སྙན་ཞུའི་ཚོགས་འདུ་འཚོགས་ཏེ་ཟངས་དཀར་སྒང་གནའ་ཤུལ་དང་། ཤུ་མ་བྲག་ཕུག དགའ་ཉིད་གནའ་ཤུལ་སོགས་ཀྲུང་གོའི་གནའ་རྫས་རྟོག་ཞིབ་ཀྱི་རྣམ་གྲངས་གལ་ཆེན་གྱི་འཕེལ་རིམ་གནས་ཚུལ་སྤྱི་བསྒྲགས་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རྡོ་ཆས་རྙིང་པའི་དུས་རབས་ཀྱི་གནའ་ཤུལ་ཚོགས་པའི་རྣམ་གྲངས་ཏེ་ཟངས་དཀར་སྒང་གནའ་ཤུལ་དང་། ཤུ་མ་བྲག་ཕུག དགའ་ཉིད་གནའ་ཤུལ་བཅས་ཀྱི་གནའ་རྫས་རྟོག་ཞིབ་ལས་གསར་རྙེད་བྱུང་བའི་སྔ་དུས་ཀྱི་མིའི་རིགས་ཀྱིས་མཚོ་བོད་ས་མཐོར་འཚོལ་ཞིབ་དང་འཚོ་གནས་ཀྱི་འཕེལ་རིམ་དང་འཚོ་གནས་དང་འཕྲོད་པའི་ཐབས་ཇུས་ལ་དབྱེ་ཞིབ་དང་དེ་བཞིན་ས་མཐོའི་མི་ཚོགས་དང་མཐའ་འཁོར་གྱི་ས་ཁུལ་དབར་འགྲོ་འོང་དང་སྤེལ་རེས་སོགས་ལ་གནའ་རྫས་རྟོག་ཞིབ་རིག་པའི་དཔང་རྟགས་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-13 6 6 拉萨日报藏文 c202756.html 1 བོད་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་པ་ལས་ཀྲུང་ཧྭའི་ཤེས་རིག་སྣ་མང་གཞི་གཅིག་ཡིན་པའི་དོན་དངོས་ར་སྤྲོད་བྱུང་བ། /enpproperty-->