分享按钮

བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་མུ་འབྲེལ་སློབ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་ལྷ་སར་སྤེལ་བ།

པར་འདི་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་མུ་འབྲེལ་སློབ་དེབ་ཐོག་མ་འགྲེམས་སྤེལ་བྱེད་པའི་མཛད་སྒོ་སྤེལ་བའི་ཡུལ་དངོས་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་མུ་འབྲེལ་སློབ་དེབ་ཐོག་མ་དེ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་འགྲེམས་སྤེལ་བྱས་ཤིང་། དེས་བོད་ལུགས་གསོ་རིག་གི་ཞིབ་འཇུག་སློབ་མའི་ཤེས་ལྡན་པ་གསོ་སྐྱོང་ཚད་ལྡན་ཅན་དང་མ་ལག་ཅན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། མུ་འབྲེལ་སློབ་དེབ་དེར་བོད་སྨན་གྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་། གསུང་རབ་ཞིབ་འཇུག ནད་ཐོག་ལག་ལེན། བོད་ཀྱི་གསོ་བ་རིག་པ། གནམ་རིག་སྐར་རྩིས་བཅས་རིགས་ཆེན་པོ་ལྔ་ཚུད་ཡོད་ཅིང་། ཁྱོན་པོད་14ཡོད་པ་དང་། དེ་རྣམས་བོད་ཀྱི་གསོ་བ་རིག་པ་དང་གནམ་རིག་སྐར་རྩིས་ཀྱི་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་60ལྷག་ཙམ་གྱིས་ལོ་མང་རིང་རྩོམ་སྒྲིག་བྱས་ནས་ལེགས་གྲུབ་བྱུང་བ་ཞིག་ཡིན་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-11 6 6 拉萨日报藏文 c199425.html 1 བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་མུ་འབྲེལ་སློབ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་ལྷ་སར་སྤེལ་བ། /enpproperty-->