ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཨུད་རྩ་འཛུགས་གསར་པ་གཉིས་ཀྱི་ལས་དོན་ཨུ་ལྷན་གྱི་2025ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་དང་། ལྗོངས་དང་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་མཐུན་སྦྱོར་ལམ་སྲོལ་ལ་སྣེ་ཁྲིད་བྱེད་པའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2025ལོའི་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་གི་གཙོ་གནད་ལས་འགན་བཀོད་སྒྲིག་གནང་བ་རེད།
གྲོང་ཨུད་རྩ་འཛུཊ་གསར་པ་གཉིས་ཀྱི་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་དང་དེ་བཞིན་རྫོང(ཆུས)ཨུད་རྩ་འཛུཊ་གསར་པ་གཉིས་ཀྱི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཚོཊ་འདུར་ཞུཊ་ཡོད།
ཚོགས་འདུའི་ཐོག་2024ལོའི་གྲོང་ཁྱེར་རིམ་པའི་རྩ་འཛུགས་གསར་པ་གཉིས་ཀྱི་རྩ་འཛུགས་ལས་རིགས་ཏང་ཨུད་ཀྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱས་པའི་གནས་ཚུལ་སྙན་ཞུའི་དཔྱད་ཞིབ་བྱས་འབྲས་དང་། 《ལྷ་ས་གྲོང་ཨུད་རྩ་འཛུཊ་གསར་པ་གཉིས་ཀྱི་ལས་དོན་ཨུ་ལྷན་གྱི་2025ལོའི་ལས་ཀའི་གཙོ་གནད》སོགས་ཡིག་ཆ་དང་གྲོང་ཁྱེར་མྱུར་སྐྱེལ་ལས་རིགས་ཏང་ཨུད་ཀྱི་ཨུ་ཡོན་གྱི་འོས་མི་དང་གྲ་སྒྲིག་འོས་མི་གསབ་འདེམས་བྱ་རྒྱུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་རྩ་འཛུགས་གསར་པ་གཉིས་ཀྱི་རྩ་འཛུགས་ཀྱི་རྣམ་པ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བ་དང་། གྲུབ་ཆའི་མི་སྣར་ངེས་མེད་རང་བཞིན་ཆེ་བ་སོགས་ཀྱི་གནད་དོན་དང་འགྲན་སློང་འཕྲད་ཡོད་པས་ངེས་པར་དུ་ཚད་གཞི་མཐོན་པོའི་སྒོ་ནས་ཏང་འཛུགས་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 2025ལོའི་གཙོ་གནད་ལས་དོན་ལ་དམིགས་དགོས་ཤིང་། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཐད་གཙོ་བོ་སྲ་བརྟན་དང་གོང་མཐོར་གཏོང་བ་དང་། དབང་བའི་ལམ་ལུཊ་འདྲེས་མའི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཐད་གཙོ་བོ་རིགས་དབྱེ་ནས་སྐུལ་འདེད་གཏོང་བ། དྲ་སྦྲེལ་ལས་སྟེགས་ཁེ་ལས་དང་ཚན་རྩལ་གསར་གཏོད་ཀྱི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཐད་གཙོ་བོ་ཁྱབ་རྒྱ་དང་ཕན་འབྲས་ཆེ་རུ་གཏོང་བ། སྤྱི་ཚོགས་རྩ་འཛུགས་གསར་པའི་ཏང་འཛུགས་སྐྱོང་ལས་དོན་ཐད་གཙོ་བོ་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་པ། ལས་ཞུགས་གསར་པའི་ཚོགས་སྤྱིའི་ཏང་འཛུགས་སྐྱོང་ལས་དོན་དེ་གཙོ་བོ་ཞབས་ཞུ་དང་དོ་དམ་བྱེད་པའི་ལས་ཀའི་རྩ་དོན་ལྟར། ལས་ཀའི་ལམ་སྲོལ་གསེལ་དཀྲོལ་དང་། རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ། ནུས་པ་འདོན་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གསར་དར་ཁྱབ་ཁོངས་ཀྱི་རྩ་འཛུགས་རིགས་ཁག་དང་ཚོགས་སྤྱིས་ཁེ་ལས་བརྒྱས་གྲོང་ཚོ་བརྒྱ་དར་རྒྱས་གཏོང་བ་དང་། ཐོན་ཚད་རིན་ཐང་དུང་ཕྱུར་སྟོང་གི་འགག་སྒྲོལ་བྱ་སྤྱོད། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་སྤྱོད་བཅས་ནང་ཧུར་ཐག་ཞུགས་ནས་གཞི་རིམ་བཅོས་སྐྱོང་ཁྲོད་སྒུལ་བདེའི་འཚོལ་སྣེའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། དེ་དང་ཆབས་ཅིག་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཁྱོན་ཡོངས་ནས་སྤེལ་བ་དང་། སློབ་བཤེར་བཅོས་གསུམ་དང་སྒོ་དབྱེ་སློབ་གསོར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྒྲིག་འགལ་ངང་གཉེར་སྐྱོང་དང་ལས་བཟོ་བའི་ཁེ་དབང་ལ་གནོད་འཚེ་གཏོང་བ་སོགས་ཀྱི་གནད་དོན་ལ་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་འགག་རྩ་ནི་གྲོང་ཨུད་རྩ་འཛུགས་གསར་པ་གཉིས་ཀྱི་ལས་དོན་ཨུ་ལྷན་གྱི་སྤྱི་འདོམས་མཐུན་སྦྱོར་དང་། ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་ལས་རིགས་ལ་དོ་དམ་བྱེད་པར་ཏང་འཛུགས་སྐྱོང་ལའང་དོ་དམ་བྱེད་དགོས་པ་དང་། ས་ཁོངས་ཀྱིས་དོ་དམ་མཐར་ཕྱིན་བྱེད་པའི་འགན་འཁྲི་གསུམ་བཅས་དོན་འཁྱོལ་བྱས་ཏེ། སྒྲུབ་སྐུལ་ཀྱི་ཞིབ་ཐོའི་ལམ་ལུགས་འཛུགས་པ་དང་། འབྲེལ་གཏུག་དང་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བ། རྩ་འཛུགས་གསར་པ་གཉིས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་རྩ་འཛུགས་གསར་པ་གཉིས་ཀྱི་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་སྣེ་ཁྲིད་བྱས་ནས་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社