ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་9ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཀྲའོ་ཧུའེ་ཉན། ཀྲང་ཏིང་ཁྲེང་། ལིན་ཡུང་། ཞུས་ཧའེ། ཀྲང་ཁྲུན་དབྱང་། མ་ཝུན་ཆིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། ད་ལོར་དོན་ཆེན་མང་པོ་དང་དོན་དག་གལ་ཆེན་མང་པོ་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་ལྟར་ཧྲུའུ་ཅིས་དམ་འཛིན་དང་ཧྲུའུ་ཅིར་དམ་འཛིན་དང་། གཙོ་གནད་ཐོག་དམ་འཛིན་དང་གཙོ་གནད་ལ་དམ་འཛིན་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་དོན་ཁག་ལ་དམ་འཛིན་ཞིབ་ཕྲ་དང་ཕན་འབྲས་ཐོན་པར་བྱེད་པ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་བསུ་བ་ཞུ་དགོས།
ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་རྒྱུན་དུ་བྱེད་པ་མཐའ་འཁྱོངས་བྱས་ཏེ་རྟག་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲི་ཁུར་སེམས་ཀྱི་ཐོག་ནས་ཉེན་ཁར་སྔོན་འགོག་དང་། བདེ་འཇགས་ལ་སྲུང་སྐྱོང་། བརྟན་ལྷིང་ལ་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་དམ་འཛིན་ཞིབ་ཚགས་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་མུ་མཐུད་ནས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས།
ནུས་ཤུགས་ཡོད་རྒུས་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། འབོར་ཚད་འཕར་སྣོན་ལ་དམ་འཛིན་བྱེད་པ་ཕྱོགས་སྟོན་དུ་བྱས་ཏེ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་འབྲེལ་མཐུད་ཧུར་ཐག་བྱེད་དགོས་པ་དང་། ཚོར་བ་སྐྱེན་པོའི་སྒོ་ནས་ཁྲོམ་རའི་གོ་སྐབས་ལ་དམ་འཛིན་བྱེད་དགོས་པ། དེ་བས་ཁ་ནང་དུ་ཕྱོགས་ནས་ནུས་ཤུགས་ཡོད་རྒུས་ཐོན་ལས་སྐྱེད་སྲིང་དང་། རྣམ་གྲངས་འཛུགས་སྐྲུན། ཚོང་འགུགས་མ་འདྲེན། ཁེ་ལས་ལ་རོགས་རམ་བཅས་བྱས་ནས་དཀའ་ངལ་སེལ་བ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་། གསོན་ཤུགས། སྒུལ་ཤུགས་བཅས་འདོན་སྤེལ་གང་ལེགས་བྱེད་དགོས།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社