ཞོགས་པར།བར་སྐོར་དུ་ཇ་བསྲུབས་མའི་དྲི་ཞིམ་འཐིལ་ཞིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བསྟན་རྒྱས་གླིང་སྡེ་ཁུལ་གྱི་དྲ་མིག་པ་སྐལ་བཟང་སྒྲོལ་དཀར་གྱིས་ལས་དོན་སྒྲུབ་པའི་ཁུག་མ་ཁྱེར་ནས་སྲང་ལམ་ཁག་ཏུ་སྐྱོད་བཞིན་ཡོད། 2025ལོའི་ཟླ་3པར། ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བཟུང་སྟེ་ཏང་འཛུཊ་སྐྱོང་དང་དྲ་མིག་དོ་དམ་ཟུང་འབྲེལ་གྱི་རྣམ་པ་གཏིང་ཟབ་ཏུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་དྲ་མིག་1187ཁྲོད་གཞི་རིམ་བཅོས་སྐྱོང་གི་དྲ་མིག་ལས་དོན་སྤེལ་ཚུལ་ལེཊ་སུ་བཏང་བ་རེད། བཅོས་སྐྱོང་བྱེད་སྟངས་དེ་ལག་བསྟར་བྱས་པ་བརྒྱུད་དོན་དག་ཡོད་ན་དྲ་མིག་པ་འཚོལ་རྒྱུ་དེ་གངས་ལྗོངས་གནའ་གྲོང་གི་དམངས་འཚོའི་རྒྱུན་རྣམ་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད།
ཕུ་མེད་སྟོད་ཐུང་དམར་པོ་གྱོན་མཁན་གྱིས་བཅོས་སྐྱོང་ལ་གསོན་ཤུགས་འཕེལ་བར་བྱས་པ།
བསྟན་རྒྱས་གླིང་སྡེ་ཁུལ་གྱི་ཏང་ཡོན་དྲ་མིག་པ་23གྱི་བྲང་ཁར་བཏགས་པའི་ཏང་རྟགས་དང་ཕུ་མེད་སྟོད་ཐུང་དམར་པོ་ལས་འོད་མདངས་འཕྲོ་བཞིན་ཡོད། སྡེ་ཁུལ་གྱི་དྲ་མིག་པའི་སྤྱིའི་བསྡོམས་འབོར་གྱི་བརྒྱ་ཆ་65ཟིན་པའི་ཏང་ཡོན་གྱི་དཔུང་ཁག་འདིས་བཀྲག་མདངས་བཞིའི་ལས་གྲྭ་བརྒྱུད་ནས་རྩ་འཛུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་བཞིན་ཡོད་པ་སྟེ། གྲོང་མིའི་སྒོ་ར་ཆེན་པོའི་ནང་ཏང་ཡོན་གྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་དང་། ཞབས་ཞུའི་སྒེའུ་ཁུང་དུ་སྔོན་ཐོན་ལས་གནས་བཙུགས་པ། རྩོད་གཞི་འདུམ་སྒྲིག་བྱེད་པའི་ཁྲོད་ཏང་རྟགས་འདོགས་པ། དམངས་འཚོའི་དོན་དག་སྒྲུབ་དུས་དམ་བཅའ་ལག་བསྟར་བཅས་བྱེད་ཀྱི་ཡོད། བསྟན་རྒྱས་གླིང་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅིས་ངོ་སྤྲོད་བྱས་པར་གཞིགས་ན། དྲ་མིག་ཏང་ཀྲི་པུའུ་དང་། ཐོག་ཁང་གི་ཏང་ཚོགས་ཆུང་། ཏང་ཡོན་ལྟེ་བའི་དུད་ཚང་བཅས་རིམ་པ་གསུམ་གྱི་རྩ་འཛུགས་སྒྲོམ་གཞི་བཙུགས་ནས་ཏང་གི་རྩ་འཛུགས་དང་ལས་ཀའི་དྲ་མིག་བརྒྱ་ཆ་100ཁྱབ་པར་བྱས་ཡོད།
གསར་བརྗེའི་གཞི་རྒྱུ་དེ་རིགས་སྣུར་སྲིང་བྱས་ནས་ཁྲེང་ཀོན་ཆུས་ཀྱི་བཅོས་སྐྱོང་གི་ཡུལ་ལྗོངས་གསར་པ་ཞིག་ཏུ་གྱུར་ཡོད། འདམ་གཞུང་ལམ་གྱི་སྒོ་ར་ཨང་12པའི་ནང་གི་ཉི་ནུས་ལམ་སྒྲོན་ལ་ཆག་སྐྱོན་ཤོར་བར་ཏང་ཡོན་དྲ་མིག་པ་རྡོ་རྗེ་ཚེ་བརྟན་གྱིས་མཚན་མོ་དེར་ཉམས་གསོ་བྱེད་མཁན་དང་འབྲེལ་བ་བྱས་པ་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社