分享按钮

ཀྲུང་དབྱང་གི་ཉེ་འཁོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

ཟླ་4ཚེས་8ཉིན་ནས་ཚེས་9ཉིན་བར། ཀྲུང་དབྱང་གི་ཉེ་འཁོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གི་ཉེ་འཁོར་ལས་དོན་ཚོགས་འདུ་དེ་ཟླ་4ཚེས་8ཉིན་ནས་ཚེས་9ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཚོགས་འདུར་ཞུགས་ཡོད།

ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་དུས་རབས་གསར་པ་ཤར་ཚུན་རང་རྒྱལ་གྱི་ཉེ་འཁོར་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་བསྡོམས་ཆ་ཚང་བ་ཞིག་གནང་ཡོད་པ་དང་། དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་མཛད་པ། སླད་ཕྱིན་གྱི་དུས་མཚམས་ཤིག་རིང་གི་ཉེ་འཁོར་ལས་དོན་གྱི་དམིགས་འབེན་ལས་འགན་དང་བསམ་ཕྱོགས་བྱེད་ཐབས་ཁ་གསལ་བཏོན་གནང་ཡོད། ཉེ་འཁོར་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་དམིགས་ཏེ་ཉེ་འཁོར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་གསུངས་གནང་ཡོད། ལི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། ཉེ་འཁོར་ལས་དོན་གྱི་ལས་འགན་ཁག་དོན་འཁྱོལ་ཏན་ཏིག་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཚོགས་འདུའི་ཐོག རང་རྒྱལ་གྱི་མངའ་ཁོངས་ཡངས་ཤིང་རྒྱ་ཆེ་བ་དང་། མཐའ་མཚམས་ཀྱི་ས་ཐིག་རིང་པོ་ཡོད། ཉེ་འཁོར་ནི་གོང་འཕེལ་དང་དར་རྒྱས་མངོན་འགྱུར་ཡོང་བར་བྱེད་པའི་རྨང་གཞི་གལ་ཆེན་ཞིག་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་གཙོ་གནད། ཕྱི་འབྲེལ་གྱི་ཁྱོན་ཡོངས་ལ་ཇུས་འགོད་འདིང་བའི་གཙོ་གནད་ཆེ་ཤོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩ་བཅས་ཡིན། གོ་ལ་ཧྲིལ་པོའི་མཐོང་རྒྱའི་ཐོག་ནས་ཉེ་འཁོར་ལ་ཞིབ་ལྟ་བྱས་ཏེ། ཉེ་འཁོར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས་ཞེས་གསུངས་ཡོད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-11 ལི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ། 6 6 拉萨日报藏文 c199421.html 1 ཀྲུང་དབྱང་གི་ཉེ་འཁོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ། /enpproperty-->