ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་9ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་གཞི་རིམ་དུ་སླེབས་པ་བཞིའི་ལས་དོན་གྱི་བླང་བྱ་ལག་ལེན་དུ་བསྟར་ནས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་སུ་ཕེབས་ནས་ཡུལ་དངོས་སུ་གཞུང་དོན་བསྒྲུབས་ཏེ་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་གྱི་དོན་དག་གཅིག་སྡུད་ཐོག་ཐག་གཅོད་བྱས་ཤིང་། ཁོང་གིས་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་པ་དང་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་འགལ་བ་དང་རྩོད་གཞི་དེ་གཞི་རིམ་དུ་ཐོན་མ་ཐག་མེད་པར་བཟོས་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་མུ་མཐུད་ནས་ཞི་མཐུན་དང་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社