ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོའི་བོད་ཀྱི་ལོ་གསར་རིང་། 2025ལོའི་ལྷ་ས་གྲོང་ཁྱེར་གྱི་དཔྱིད་གསར་དུས་ཆེན་དང་བོད་ཤིང་སྦྲུལ་ལོའི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་མཚན་ཚོགས(གཤམ་ལ་2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་ཞེས་བསྡུ་རྒྱུ)འདི་ཉིད་དམངས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་རྣམ་པའི་ཁྲོད་བསྟན་པ་རེད། མཉམ་སྤྲོའི་མཚན་ཚོགས་ཧྲིལ་པོ་ངོ་མཚར་ཆེ་ཞིང་བཀྲག་མདངས་ཡང་ཡང་མངོན་པ་དེས་འདས་ཟིན་པའི་ལོ་གཅིག་ནང་ལྷ་སའི་དཔལ་འབྱོར་དང་། རིག་གནས། དམངས་འཚོ་སོགས་ཀྱི་ཁྱབ་ཁོངས་ཐད་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསོན་ཉམས་ལྡན་པའི་སྒོ་ནས་མངོན་ཡོད། ཟླ་2པའི་ཚེས་28ཉིན་ཐོག་མར་བསྟན་རྗེས། བརྙན་འཕྲིན་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་གཉིས་སུ་བལྟ་མཁན་གྱི་ཚ་རླབས་འཕྱུར་ནས་གདེང་འཇོག་རྒྱ་ཁྱབ་ངང་ཐོབ་པ་དང་ཤུགས་རྐྱེན་ཐེབས་ཚད་མུ་མཐུད་ནས་ཆེ་རུ་ཕྱིན་ཡོད། བརྙན་འཕྲིན་ཐད་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་བོད་སྐད་ཕྱོགས་བསྡུས་འཕྲིན་ལམ་ལ་ལྟ་ཚད་བརྒྱ་ཆ་2.05འཕར་ནས་ལྗོངས་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། སྨྱན་སྦྱོར་གསར་པའི་ལས་སྟེགས་ཐོག་ཐོག་མར་བསྟན་ཚད་ཐེངས་ཁྲི་269.3ལས་བརྒལ་ནས་བསྔགས་བརྗོད་བྱེད་ཚད་ཁྲི་18.5ཟིན་པ་དང་། དཔྱད་གཏམ་སྤེལ་ཚད་ཁྲི་3.13ལྷག་ཙམ་ཟིན་པ།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社