分享按钮

(པར་ངོས་དང་པོར་མཐུད)མང་ཚོགས་ཀྱི་བདེ་རྩ་ཆེ་རུ་གཏོང་བའི་དམ་འཛིན་བྱ་གཞི་གཙོ་བོ་ཞིག་ཡིན་པས། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་སྤུས་ཚད་ཐད་དམ་འཛིན་ནན་པོ་དང་བདེ་འཇགས་ཐད་འགན་ལེན་ཡག་པོ་བྱས་ནས་ལས་གཞི་རྩེ་གྲ་ནུས་ཤུགས་ཡོད་རྒུས་གཏོད་དགོས།

སྐུལ་འདེད་ཤུགས་ཆེན་གཏོང་དགོས། དེ་ཡང་ལས་ཡུན་ལྡོག་སྒྲིག་དང་། འཆར་གཞི་བཏིང་ནས་ལས་དོན་སྒྲུབ་པ། ཨར་ལས་ཀྱི་དུས་ཚོད་ཡག་ཤོས་ལ་དམ་འཛིན་ནན་པོ། འཛུགས་སྐྲུན་གྱི་འཕེལ་རིམ་དོན་ཚན་ཁག་ཡག་པོ་བཟོ་བ་བཅས་མཐའ་འཁྱོངས་བྱས་ཏེ་རྣམ་གྲངས་སྔ་ཙམ་བསྐྲུན་ཐུབ་པ་དང་མང་ཚོགས་ལ་སྔ་ཙམ་ཕན་པ་ཐོབ་པའི་འགན་ལེན་བྱེད་དགོས།

ཚན་རིག་དང་མཐུན་པའི་སྒྲིག་འཛུགས་བྱེད་དགོས། དེ་ཡང་ཨར་ལས་ཀྱི་སྒྲིག་འཛུགས་ལེགས་སུ་གཏོང་བ་དང་། དོ་དམ་ཞིབ་ཚགས་ཡོང་བར་ཤུགས་སྣོན་རྒྱག་པ། ལས་ཡུན་ཐུང་དུ་གཏོང་བ་བཅས་བྱས་ནས་གྲོང་མིའི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་གང་ཐུབ་བྱེད་དགོས།

སྤྱོད་ཚུལ་ལེགས་སུ་གཏོང་དགོས། དེ་ཡང་རྣམ་གྲངས་དང་ཨར་ལས་ཀྱི་འཐབ་ས་དང་པོར་བསྐྱོད་དེ་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་དངོས་ལ་བརྟེན་ནས་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་གཏོང་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་ཡོད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-06 6 6 拉萨日报藏文 c199352.html 1 /enpproperty-->