(པར་ངོས་དང་པོར་མཐུད)སྨན་བཅོས་འགན་བཅོལ་དང་སྨན་བཅོས་སྒྲིག་གཞིའི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་མཉམ་སྤྱོད་མཉམ་བཅོས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་དེ་རེད།
ཡོངས་བསྒྲགས་ཚོགས་འདུའི་ཐོག གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཅུན་མའེ་ཡིས་2024ལོའི་སྨན་བཅོས་འགན་བཅོལ་ཐེབས་རྩ་འཁོར་སྐྱོད་བྱས་ཚུལ་ངོ་སྤྲོད་བྱས་པ་སྟེ། 2024ལོར། ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཁྲི་54.69ཟིན་ཞིང་། དེའི་ནང་ལས་བཟོ་བ་ཁྲི་16.55དང་གྲོང་མི་ཁྲི་38.14ཡོད་པ་དང་། ལོ་ཧྲིལ་པོར་ནད་བཅོས་པར་ཡོང་མཁན་དང་སྨན་ཉོ་བར་ཡོང་མཁན་མི་ཐེངས་ཁྲི་328.36ཟིན་ཞིང་། སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་14.54ཟིན་པ་དང་དེའི་ནང་ནས་སྤྱི་འདོམས་ཐེབས་རྩའི་གཏོང་སྒོས་སྒོར་དུང་ཕྱུར་7.49ཟིན་ཡོད།
དེ་རྗེས། གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲོའུ་ཤིས་མིང་གིས་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་དང་། སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་སྟངས། སྨན་བཅོས་འགན་བཅོལ་དང་སྨན་རྫས་ཞབས་ཞུ་སོགས་ཀྱི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་སྟེ། སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་ཐད། རང་གྲོང་གིས“ཟངས་གྱང་ལྕགས་རྩིག”གི་མ་ལག་བཙུགས་ནས་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། 2024ལོར་ཚུར་བླངས་ཚད་དང་སྒྲིག་འགལ་གྱི་སྨན་བཅོས་འགན་བཅོལ་ཐེབས་རྩ་ཟློག་ཚད་སྒོར་ཁྲི་1408.55ཟིན་པ་དང་། སྲིད་འཛིན་ཆད་པ་སྒོར་ཁྲི་31.78བཅད་པ། དཔེ་མཚོན་གྱོད་དཔེ་3དམར་འདོན་བྱས་པ། སྨན་བཅོས་སྒྲིག་གཞི་མང་པོའི་སྨན་བཅོས་འགན་བཅོལ་གྱི་དམིགས་བཙུགས་ཞབས་ཞུའི་གྲོས་མཐུན་གནས་སྐབས་མཚམས་བཞག་པའམ་མེད་པར་བཟོས། དེ་དང་ཆབས་ཅིག་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་དམིགས་བཙུགས་སྒྲིག་གཞི་གཉིས་ཀྱི་དོ་དམ་རྒྱུན་མཐུད་ངང་ལེགས་སུ་བཏང་བས། 2024ལོའི་བར་གྲོང་ཁྱེར་ཡོངས་ཀྱི་དམིགས་བཙུགས་སྨན་རྫས་དང་སྨན་བཅོས་སྒྲིག་གཞི་726ཟིན་པའི་ནང་ནས་སྨན་རྫས་ཚོང་ཁང་1ལ་སྒོ་བསྟེན་སྨན་བཅོས་ཀྱི་ནུས་པ་ལྡན་པར་བྱས་པ་རེད།
གྲངས་གཞི་ལས་མངོན་པར་གཞིགས་ན། རང་གྲོང་གི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་བཅོས་པར་ཕན་འབྲས་བཟང་པོ་ཐོན་ཞིང་། མིག་སྔར་རང་གྲོང་དུ་DIPཡི་གཏོང་སྤྲོད་ཐབས་ལམ་ལྡན་པའི་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་22ཟིན་པ་དང་། ཞག་སྡོད་སྨན་བཅོས་ཞབས་ཞུ་གཉེར་ཆོག་པའི་སྨན་བཅོས་སྒྲིག་གཞི་ཁྱབ་ཚད་བརྒྱ་ཆ་91.67ཟིན་པར་མ་ཟད། ནད་རིགས་ཀྱི་མིང་གཞུང་མཛོད་ཀྱང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་ནད་རིགས་4052མིང་གཞུང་མཛོད་དུ་བཅུག་པས། ནད་པའི་ནད་བརྟག་སྨན་བཅོས་ཀྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་པ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩའི་ཕན་ནུས་ཆེ་རུ་ཕྱིན་ཡོད་ལ། སྨན་བཅོས་ཀྱི་སྤྱོད་ལམ་ཡང་ཚད་ལྡན་དུ་ཕྱིན་ཡོད།
ཚོགས་འདུའི་ཐོག 2025ལོར་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འགན་ལེན་ཁོངས་གཏོགས་ཀྱིས་མི་དམངས་གོང་དུ་བཀུར་བའི་ཐོག་མའི་བསམ་འདུན་བརྟན་པོར་བཅངས་ཏེ། ཐེབས་རྩའི་བདེ་འཇགས་དྲ་བ་དམ་དུ་གཏོང་རྒྱུ་དང་དམངས་འཚོར་འགན་ལེན་བྱ་རྒྱུ་རྨང་གཞིའི་ལས་འགན་ལ་བརྩིས་ནས། མང་ཚོགས་ཀྱི“སྨན་པ་བསྟེན་བྱེད་ཀྱི་དངུལ”དང“སྲོག་སྐྱོབ་བྱེད་ཀྱི་དངུལ”ལེགས་པར་སྲུང་དགོས་པ་དང་། གྲངས་འཛིན་ཅན་ལ་བསྒྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་ལས་སྒོའི་བརྒྱུད་རིམ་ལེགས་སུ་དང་དོ་དམ་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས་པ། གཏོང་སྤྲོད་བྱེད་སྟངས་བཅོས་རྒྱུ་གཙོ་བོར་བཟུང་སྟེ། ལྷ་སའི་ཁྱད་ཆོས་ལྡན་པའི་DIP2.0གཏོང་སྤྲོད་མ་ལག་བསྐྲུན་ནས་ཐེབས་རྩ་བེད་སྤྱོད་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས་པ། ནད་གཞིས་རྐྱེན་པས་དབུལ་པོར་བསྐྱར་དུ་ལོག་པའི་ཐད། ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་རོགས་སྐྱོབ་མུ་མཐུད་དུ་བྱེད་པ་དང་། སྒྲུབ་གཉེར་ཞབས་ཞུ་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ། སྤྱོད་ཚུལ་ལེགས་སུ་གཏོང་བ། སྤྲོ་བ་ཆེན་པོས་ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ནས་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེའུ་གསར་པ་བརྩམས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་དགོས་ཞེས་བླང་བྱ་བཏོན་པ་རེད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社