分享按钮

ཞི་ཅིན་ཕིང་དང་བྷོ་ཧེར་ཀྲུའུ་ཞི་ཚོགས་པའི་རེས་སྐོར་ཀྲུའུ་ཞི་ཚི་ཝེ་ཡ་ནོ་ཝུའེ་ཆིས་ཀྲུང་གོ་དང་བྷོ་ཧེར་དབར་ཕྱི་འབྲེལ་བཙུགས་ནས ལོ་ངོ་30འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་བ།

(པར་ངོས་དང་པོར་མཐུད)ཕྱོགས་གཉིས་ཀྱིས་འདྲ་མཉམ་དང་། ཕན་ཚུན་བརྩི་འཇོག གཉིས་ཁེ་གཉིས་ཕན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་བཏང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་པ། དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཆེ་ཆུང་མི་འདྲ་བ་དང་། ལོ་རྒྱུས་ཀྱི་རིག་གནས་མི་འདྲ་བ། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བཅས་ཀྱི་རྒྱལ་ཁབ་དབར་མཛའ་མཐུན་མཉམ་གནས་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བའི་དཔེ་མཚོན་བཏོད་ཡོད། ངས་ཀྲུང་བྷོ་དབར་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། མཁྱེན་ལྡན་མ་ཀྲུའུ་ཞི་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བ་འགོ་ཚུགས་ས་གསར་པར་བྱས་ནས་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་། གཉིས་ཁེ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་བྷོའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྣེ་ཁྲིད་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།

ཚི་ཝུའེ་ཡ་ནོ་ཝུའེ་ཆིས་བྷོ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30སོང་རིང་། རྒྱལ་ཁབ་གཉིས་པོའི་དབར་ཕན་ཚུན་བརྩི་འཇོག་དང་། མཛའ་གྲོགས་བརྟན་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་བཅས་བྱུང་ཡོད། བྷོ་ཧེར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་གཉིས་པོའི་འབྲེལ་བ་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་དར་རྒྱས་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-05 6 6 拉萨日报藏文 c198961.html 1 ཞི་ཅིན་ཕིང་དང་བྷོ་ཧེར་ཀྲུའུ་ཞི་ཚོགས་པའི་རེས་སྐོར་ཀྲུའུ་ཞི་ཚི་ཝེ་ཡ་ནོ་ཝུའེ་ཆིས་ཀྲུང་གོ་དང་བྷོ་ཧེར་དབར་ཕྱི་འབྲེལ་བཙུགས་ནས ལོ་ངོ་30འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་བ། /enpproperty-->