分享按钮

ཀྲུང་ཁྲེ་སྙེ་མོ་ནུས་ཁུངས་གསར་པ་སྒྲིག་ཆས་ཐོན་ལས་གླིང་གི་རླུང་གློག་འཕྲུལ་འཁོར་ཐོག་མ ཐོན་སྐྱེད་བྱེད་འགོ་ཚུགས་ནས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བཏོད་པ།

(པར་ངོས་དང་པོར་མཐུད)དུས་ཐེངས་གཉིས་པའི་རྣམ་གྲངས་ཁྲོད་སྦུག་དབྱིབས་དང་འདབ་འཁོར་ཐོན་སྐྱེད་ཀྱི་ལྷུ་ཚིགས་གཙོ་གནད་ཐོག་བཀོད་སྒྲིག་བྱས་ཏེ་སྙེ་མོའི་ས་གནས་རང་བཞིན་གྱི་ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་པོའི་ཐོན་སྐྱེད་ཀྱི་རྣམ་པ་འཛུགས་རྒྱུར་གཞོལ་རྒྱུ་ཡིན་པ་རེད། ད་ཐེངས་ཐོན་སྐྱེད་བྱས་པའི་རླུང་གློག་འཕྲུལ་འཁོར་ཆ་ཚང་ཐོག་མ་དེའི་ཤོང་ཚད་ཀྲའོ་ཝ་6.25དང་འདབ་འཁོར་གྱི་ཚངས་ཐིག་ལ་སྨི་195ཟིན་ཡོད་པས་གློག་འདོན་གྱི་ལས་ཕྱོད་མཐོ་བ་དང་། འཁོར་སྐྱོད་བརྟན་པའི་རང་བཞིན་ལྡན་པ། མ་གནས་དམའ་བ་སོགས་མངོན་གསལ་དོད་པའི་དགེ་མཚན་ལྡན་པས་རྙོག་འཛིང་ཆེ་བའི་རླུང་གློག་ར་བ་སྣ་ཚོགས་རྒྱ་ཁྱབ་ཏུ་སྤྱད་ན་འཚམ་པོ་ཡོད་ལ་རླུང་གློག་གི་ནུས་པའི་འབྱུང་ཁུངས་བེད་སྤྱོད་གང་ལེགས་བྱེད་པར་འགན་སྲུང་ནུས་ལྡན་མཁོ་འདོན་བྱེད་ཐུབ་ཀྱི་ཡོད་པ་རེད།

ཀྲུང་ཁྲེ་ཧྲན་ཏུང་རླུང་གློག་ཚད་ཡོད་ཀུང་སིའི་རླུང་གློག་ཞིབ་འཇུག་སུའོ་ཡི་ཐོན་རྫས་སྤྱི་ཁྱབ་ཇུས་འགོད་པ་ཧོའུ་ཕུའུ་ཁུན་གྱིས་རྒྱ་མཚོའི་ངོས་ཀྱི་མཐོ་ཚད་ཆེས་མཐོ་བའི་ཁོར་ཡུག་ཏུ་ཐོན་སྐྱེད་བྱས་པའི་རླུང་གློག་དེ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ཡན་ལ་དམིགས་ནས་ཆེད་མངགས་ཞིབ་འཇུག་གསར་སྤེལ་བྱས་པའི་དམིགས་བསལ་གྱི་འཕྲུལ་ཆས་ཤིག་ཡིན། རྒྱབ་མཚོའི་ངོས་ལས་མཐོ་ཚད་མཐོ་བའི་མཁའ་རླུང་གི་འདུས་ཚད་ཞན་པའི་ཁྱད་ཆོས་ལ་དམིགས་ནས་ང་ཚོས་ཕྱོགས་གསུམ་གྱི་ཐད་ནས་ལེགས་བཅོས་བྱས་ཡོད་པ་སྟེ། དང་པོ། ས་བབ་མཐོ་ཞིང་མཁའ་རླུང་འདུས་ཚད་ཞན་པའི་དབང་གིས་ནུས་ཚད་ཀྱི་འདུས་ཚད་དམའ་བ་ཡོད། གལ་ཏེ་འདབ་འཁོར་ལེབ་མོ་སྤྱད་ན་རླུང་ནུས་བསྡུ་ལེན་གྱི་ལས་ཕྱོད་མི་འདང་བས་ང་ཚོས་རླུང་འཁོར་གྱི་འདབ་འཁོར་ལ་ཇུས་འགོད་ལེགས་སྒྱུར་བྱས་ཏེ་མཁའ་རླུང་འདུས་ཚད་དམའ་བའི་འཁོར་སྐྱོད་ཀྱི་ཆ་རྐྱེན་དང་འཚམ་པར་བྱས་ནས་རླུང་ནུས་བེད་སྤྱོད་ཀྱི་ལས་ཕྱོད་ལེགས་སུ་བཏང་ཡོད། གཉིས་པ། ས་བབ་མཐོ་བ་དང་མཁའ་འདུས་ཚད་ཞན་པ་དེས་ཚ་འདྲེན་རང་བཞིན་ཇེ་དམའ་རུ་འགྲོ་བ་དང་འཕྲུལ་ཆས་ཧྲིལ་པོའི་ཚ་སེལ་ནུས་པར་ཤུགས་རྐྱེན་ཐེབས་སྲིད། ང་ཚོས་སྣང་ཚུལ་མང་པོ་དང་ཕྱོགས་མང་བའི་རིག་ནུས་འདྲ་བཟོ་ར་སྤྲོད་མ་ལག་ལ་བརྟེན་ནས་ལེགས་སྒྲིག་ལེགས་སྒྱུར་བྱས་ཏེ་ལྷུ་ལག་ཚང་མ་ས་བབ་མཐོ་བའི་ཁོར་ཡུག་འོག་བདེ་འཇགས་དང་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས། མཇུག་མཐར། ས་བབ་མཐོ་བའི་སྨུག་ཕྱིའི་འོད་ཀྱི་ཤུགས་ཚད་མཐོ་བས་འདབ་འཁོར་དང་། འཕྲུལ་ཁང་གི་ཁེབས་གཅོད། སྦུག་དབྱིབས་སོགས་ཕྱིར་མངོན་པའི་ལྷུ་ལག་རྙིང་འགྱུར་དུ་འགྲོ་སླ། དེར་བརྟེན་ང་ཚོས་ལྷུ་ལག་འདི་དག་གི་སྨུག་ཕྱིའི་འོད་འགོག་རྩི་བྱུག་པའི་ཇུས་འགོད་བྱས་ཤིང་། དེའི་སྤྱོད་ཡུན་མངོན་གསལ་གྱིས་ཇེ་རིང་དུ་བཏང་ཡོད། འབྱུང་འགྱུར་ང་ཚོས་ཐོན་རྫས་ཀྱི་ནུས་པ་མུ་མཐུད་ལེགས་སུ་བཏང་ནས་སྙེ་མོ་རྫོང་དང་ཐ་ན་རྒྱལ་ཡོངས་ཀྱི་རླུང་གློག་རྣམ་གྲངས་ལ་དེ་བས་བློས་འགེལ་ཆོག་པ་དང་དེ་བས་ནུས་ཆེའི་སྒྲིག་ཆས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཆ་ཚང་རླུང་གློག་འཕྲུལ་འཁོར་ཐོག་མ་བདེ་བླག་ངང་ཐོན་སྐྱེད་ལེགས་གྲུབ་བྱུང་བ་དེ་ནི་ལག་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཤིག་ཡིན་ལ་ཀྲུང་ཁྲེ་ཧྲན་ཏུང་རླུང་གློག་ཚད་ཡོད་ཀུང་སི་དང་སྙེ་མོ་རྫོང་གཉིས་ཀྱིས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་པའི་འབྲས་བུ་ཞིག་ཀྱང་རེད། ཕྱོགས་གཉིས་པོས་འདུ་ཤེས་དང་། ཐོན་ཁུངས། ལག་རྩལ་སོགས་ཕྱོགས་མང་པོའི་ཐད་གཞོགས་འདེགས་དམ་ཟབ་བྱས་ནས་མཐར་ལམ་ཚད་རྡོ་རིང་ལྟ་བུའི་ཚད་བརྒལ་དེ་མངོན་འགྱུར་བྱུང་ཡོད།

ཀྲུང་ཁྲེ་ཧྲན་ཏུང་རླུང་གློག་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྤྱི་ཁྱབ་ཅིང་ལི་ཀེང་ཅ་ཧྲེང་གིས་ལྷུ་ལག་ཆ་ཚང་བའི་རླུང་གློག་འཕྲུལ་འཁོར་ཐོག་མ་བདེ་བླག་ངང་ཐོན་སྐྱེད་ལེགས་གྲུབ་བྱུང་བ་དེ་ནི་ཀྲུང་ཁྲེ་ཧྲན་ཏུང་རླུང་གློག་ཚད་ཡོད་ཀུང་སི་དང་སྙེ་མོ་རྫོང་དབར་ལྷག་བསམ་ཟོལ་མེད་ཀྱི་མཉམ་ལས་དང་ཐུན་མོང་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་ཡིན། ང་ཚོས་དེ་གོ་སྐབས་ཤིག་ཏུ་བརྩིས་ནས་ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སྙེ་མོ་རྫོང་དང་ལག་གདང་སྦྲེལ་ནས་ནུས་ཁུངས་གཙང་མའི་སྒྲིག་ཆས་ཀྱི་ཐོན་ལས་འབྲེལ་ཐག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ས་གནས་འདི་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

ཆ་ཚང་རླུང་གློག་འཕྲུལ་འཁོར་ཆ་ཚང་ཐོག་མ་བདེ་བླག་ངང་ཐོན་སྐྱེད་ལེགས་གྲུབ་བྱུང་བ་དང་ཆབས་ཅིག་ཀྲུང་ཁྲེ་སྙེ་མོ་ནུས་ཁུངས་གསར་པ་སྒྲིག་ཆས་ཐོན་ལས་གླིང་ནི་སྙེ་མོ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་གྱུར་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་པ་རེད། འབྱུང་འགྱུར་ཐོན་ལས་གླིང་གིས་ལག་རྩལ་ལ་བརྟེན་ནས་མུ་མཐུད་གསར་གཏོད་ཐད་ཤུགས་སྣོན་བརྒྱབ་སྟེ་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་ཐབས་ལམ་གསར་པ་དང་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ལས་རིགས་ཡར་ཐོན་ཡོང་བའི་སྣེ་ཁྲིད་བྱ་རྒྱུ་ཡིན་པ་རེད། རྒྱལ་ཁབ་ཀྱི་ཐཱན་གཉིས་འཐབ་ཇུས་ལག་ལེན་བསྟར་བའི་རྒྱང་སྐྱོད་ཀྱི་ལམ་བུའི་ཁྲོད། ཐོན་ལས་གླིང་གིས་དུས་རབས་ཀྱི་ལས་འགན་དང་འགན་འཁྲི་ཕྲག་ཏུ་ཁུར་ནས་ཐཱན་གཉིས་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་རམ་བྱས་ཏེ་ནུས་ཁུངས་གཙང་མ་དེ་སྙེ་མོ་རྫོང་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-05 6 6 拉萨日报藏文 c198959.html 1 ཀྲུང་ཁྲེ་སྙེ་མོ་ནུས་ཁུངས་གསར་པ་སྒྲིག་ཆས་ཐོན་ལས་གླིང་གི་རླུང་གློག་འཕྲུལ་འཁོར་ཐོག་མ ཐོན་སྐྱེད་བྱེད་འགོ་ཚུགས་ནས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བཏོད་པ། /enpproperty-->