(པར་ངོས་དང་པོར་མཐུད)བྱེད་སྒོ་སྤེལ་རིང་། དང་བླངས་པའི་ཚོགས་པས་ས་གནས་ཁག་ཏུ་ཟབ་འཇུག་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་ཁས་ལེན་ལག་ལེན་བསྟར་བྱ་རྒྱུ་དང་། གྲོང་མི་དང་ཡུལ་སྐོར་བས་དྲ་ཐོག་དང་དྲ་ཕྱི་བརྒྱུད་མཉམ་འགུལ་ངང་འབྱུང་འཕྲོད་ཀྱི་འདུ་ཤེས་ལ་སྐུལ་འདེད་གཏོང་རྒྱུ། སྒྱུ་རྩལ་མཁས་ཅན་ཚོས་ཀྱང་བརྩམས་ཆོས་བརྒྱུད་བོད་ཀྱི་འབྱུང་ཁམས་ཁོར་ཡུག་གི་འཕོ་འགྱུར་མངོན་པར་བྱ་རྒྱུ་རེད། 《དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》ཞེས་པའི་རྒྱབ་ཤོག་དཀར་པོའི་དེབ་ནང་བསྟན་དོན། བོད་དུ་རང་བྱུང་སྲུང་སྐྱོང་ཁུལ་47བཙུགས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་41.22ཟིན་ཞིང་། ནགས་ཁུལ་དང་། རྩྭ་ཐང་། འདམ་ར། ཆུ་རྒྱུད་སོགས་འབྱུང་ཁམས་ཀྱི་བྱེད་ནུས་ཅུང་ཆེ་བའི་ས་ཆའི་རིགས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་108.11བར་མང་དུ་ཕྱིན་ཡོད།
འབྱུང་འགྱུར་བོད་ཀྱིས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་མུ་མཐུད་མཐའ་འཁྱོངས་བྱས་ཏེ། འབྱུང་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་དང་། འབྱུང་ཁམས་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཕན་ཚུན་མཐུན་སྦྱོར་བྱེད་པར་སྐུལ་འདེད་གཏོང་བ་དང་། དེ་བས་སྒོ་དབྱེ་རྣམ་པའི་ཐོག་ནས་འཛམ་གླིང་ལ་བོད་ཀྱི་གཏམ་རྒྱུད་བརྗོད་རྒྱུ་དང་། ཀྲུང་གོའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་དང་འགན་འཁྲི་ཁུར་བ་ངོམ་སྟོན་བྱ་རྒྱུ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社