分享按钮

(པར་ངོས་དང་པོར་མཐུད)གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོའི་ཉམས་མྱོང་རྩ་ཆེན་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ནང་ཁྱབ་པར་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་ཏན་ཏིག བློ་གྲོས་བསྡུ་ལེན་བཅས་བྱེད་དགོས།

ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། སྤྱོད་ཚུལ་འཛུགས་སྐྱོང་གི་ལས་དོན་དུས་རྟག་ཏུ་སྤེལ་ནས་མཚམས་འཇོག་མི་རུང་ལ་ངེས་པར་དུ་སྙིང་རུས་གཏན་འཁྱོངས་དང་གོམས་སྲོལ་དུ་འགྱུར་བར་བྱེད་དགོས། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་སློབ་གསོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱ་རྒྱུ་དེ་རྒྱུན་གཏན་གྱི་འཚོ་བའི་ནང་མཉམ་འདྲེས་དང་། དུས་རྒྱུན་དུ་དམ་འཛིན། དུས་རྒྱུན་དུ་ལག་བསྟར་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་སྤྱོད་ཚུལ་གྱི་འགན་སྲུང་བརྟན་པོ་ཞིག་འདོན་སྤྲོད་བྱེད་དགོས།

ཐུང་དུ་གཏོང་དགོས་པ། ཚོགས་སྲོལ་དང་། གཏམ་སྲོལ། རྩོམ་སྲོལ་བཅས་ལ་རྒྱུན་འཁྱོངས་ལྷོད་མེད་ངང་འགྱུར་ལྡོག་བཏང་ནས་ཚོགས་འདུ་ཐུང་ཐུང་འཚོགས་པ་དང་། སྐད་ཆ་ཉུང་ཙམ་ཤོད་པ། རྩོམ་ཡིག་ཐུང་ཙམ་སྤེལ་བ་བཅས་ཀྱི་དར་སྲོལ་བཟང་པོ་ཕྱོགས་ཡོངས་ནས་བསྐྲུན་ཏེ་རྒྱ་ཆེའི་ལས་བྱེད་པར་དུས་ཚོད་དང་ནུས་ཤུགས་དེ་བས་མང་བ་དོན་དངོས་ལས་དོན་སྒྲུབ་པའི་ཐད་སྤྱོད་དུ་འཇུག་དགོས།

ལེགས་བཅོས་ཡག་པོ་བྱེད་དགོས། གཞི་རིམ་དུ་སྐྱོད་པ་བཞི་དང་འཐབ་ས་མདུན་མའི་ལས་ཀ་བྱེད་སྟངས་ལག་བསྟར་གཏིང་ཟབ་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་དང་། ལས་དོན་སྤེལ་སྟངས། གསར་འགྱུར་སྤེལ་སྟངས་བཅས་ལ་རྒྱུན་འཁྱོངས་ལྷོད་མེད་ངང་ལེགས་བཅོས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཕན་འབྲས་དེ་སྤྱོད་ཚུལ་ལེགས་བཅོས་ཀྱི་ཕན་འབྲས་ཐོག་མངོན་པར་བྱེད་དགོས།

ནན་པོ་བྱེད་དགོས། རྩོམ་ཡིག་འགྲེམས་སྤེལ་ནན་པོ་དང་། འཚམས་འདྲིའི་བྱེད་སྒོ་ནན་པོ། རྒྱས་སྤྲོས་དང་འཕྲོ་བརླག་ཏུ་གཏོང་བར་སྔོན་འགོག་ནན་པོ་བཅས་བྱས་ཏེ། ཞིབ་ཕྲ་ནས་འགོ་འཛུགས་པ་དང་། དོན་དག་ཆུང་ངུ་ཡག་པོ་བསྒྲུབས་ཏེ་ནང་སེམས་རྒྱུད་ལ་འཇགས་པ་དང་།ཕྱི་ལག་ལེན་དུ་འཁྱོལ་བ།གོམས་གཤིས་སུ་ཆགས་པ། རང་རྟོགས་སུ་ཆགས་པ་བཅས་བྱེད་དགོས།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-05 6 6 拉萨日报藏文 c198955.html 1 /enpproperty-->