分享按钮

གྲོང་ཁྱེར་གྱི་ཚད་བརྒལ་གློག་སྒུལ་སྦག་སྦག་ཁྲོམ་ར་ནས་ཕྱིར་འཐེན་བྱེད་པའི་ཁ་གསབ་སྐོར་གྱི་སྤྱི་བསྒྲགས།

《བོད་རང་སྐྱོང་ལྗོངས་ཀྱི་གློག་སྒུལ་སྦག་སྦག་དོ་དམ་བྱ་ཐབས》(སྲིད་གཞུང་གི་བཀའ་རྒྱ་ཨང་152པ)སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་།རང་གྲོང་གིས་2025ལོའི་ཟླ་1ཚེས་6ཉིན་ནས་2025ལོའི་ཟླ་4ཚེས་30ཉིན་བར། ཚད་གཞི་ལས་བརྒལ་བའི་གློག་སྒུལ་སྦག་སྦག་ཁྲོམ་ར་ནས་མེད་པར་བཟོ་བར་ཁ་གསབ་སྤྲོད་པའི་ལས་དོན་སྤེལ་རྒྱུ་དང་། གོང་གི་དུས་ཚོད་ལས་བརྒལ་ཚེ་བདག་སྤྲོད་བྱ་རྒྱུ་མིན་པས། དེ་དོན་འབྲེལ་ཡོད་ནང་དོན་ད་ལྟ་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

དང་པོ། ཁ་གསབ་བྱ་ཡུལ།

2021ལོའི་ཟླ་1ཚེས་10ཉིན་ནས་2021ལོའི་ཟླ་12ཚེས་31ཉིན་བར།རང་གྲོང་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཚན་པར་ཐོ་འགོད་བྱས་པའི་ཚད་གཞི་ལས་བརྒལ་བའི་གློག་སྒུལ་སྦག་སྦག(འཁོར་བྱང་དཀར་པོ་དང་ཡི་གེ་དམར་པོ)གི་འཁོར་བདག་ཚོ་ཡིན།

གཉིས་པ། ཁ་གསབ་ཀྱི་ཚད་གཞི།

ཚད་གཞི་ལས་བརྒལ་བའི་གློག་སྒུལ་སྦག་སྦག་གི་གློག་གསོག་སྣོད་ཆས་ཀྱི་གློག་གནོན་ཤོང་ཚད་48Vདང་།60V 72Vབཅས་ལ་གཞིཊ་ནས་ཁ་གསབ་རིམ་པ་གསུམ་ལ་དབྱེ་ནས་སྤྲོད་རྒྱུ་སྟེ།

1.གསོག་འཇོག་གློག་རྫས་48Vཅན་ལ་ཁ་གསབ་སྒོར་371སྤྲོད་རྒྱུ།

2.གསོག་འཇོག་གློག་རྫས་60Vཅན་ལ་ཁ་གསབ་སྒོར་615སྤྲོད་རྒྱུ།

3.གསོག་འཇོག་གློག་རྫས་72Vཅན་ལ་ཁ་གསབ་སྒོར་785སྤྲོད་རྒྱུ་བཅས་ཡིན།

གསུམ་པ། ཁ་གསབ་བྱེད་སྟངས།

1.ཁ་གསབ་རེ་ཞུའི་གློག་སྒུལ་སྦག་སྦག་ལ་གློག་རྫས་དང་། གློག་འཕྲུལ། འཁོར་སྒྲོམ་སོགས་ལྷུ་ལག་ཆེན་པོ་གསུམ་ཡོད་དགོས།

2.ཁ་གསབ་རེ་འདུན་ཞུ་མཁན་གྱིས་སྦག་སྦག་དང་། རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར། དངུལ་ཁང་གི་བྱང་བུ་སོགས་ལ་བརྟེན་ནས་ཁ་གསབ་ལེན་དགོས་པར་མ་ཟད། ཐོབ་ཐང་ལག་ཁྱེར་གཅིག་དང་འཁོར་རིགས་གཅིག་ལ་ཁ་གསབ་ཐེངས་གཅིག་མ་གཏོགས་ལེན་མི་ཆོག

3.འཁོར་བདག་བརྗེ་པོ་བརྒྱབ་རུང་ཐེམ་ཐོ་སྒྱུར་བའི་འགྲོ་ལུགས་གཉེར་མེད་པ་རྣམས་ཀྱིས་ངེས་པར་དུ་གོ་ཆོད་ལག་ཁྱེར་འཁྱེར་ནས་ཁ་གསབ་རེ་ཞུ་བྱེད་དགོས།

བཞི་པ། ཁ་གསབ་ཀྱི་བརྒྱུད་རིམ།

ཁྲོམ་ར་ནས་ཕྱིར་འཐེན་བྱས་པའི་འཁོར་བྱང་དཀར་པོ་དང་ཡི་གེ་དམར་པོའི་འཁོར་རྟགས་ཡོད་པའི་དོ་བདག་ཚང་མས། རང་ཉིད་དང་ཐག་ཉེ་སའི་ཚུར་བསྡུ་དང་བེད་མེད་དུ་གཏོང་བའི་ཆེད་ལས་ལག་ཁྱེར་ཡོད་པའི་ཁེ་ལས་ཀྱིས་བཙུགས་པའི་དམངས་ཕན་ཚུར་བསྡུའི་ས་ཚིགས་སུ་བསྐྱོད་དེ་གྲོང་མིའི་ཐོབ་ཐང་ལག་ཁྱེར་རབས་གཉིས་པ་དང་། དངུལ་ཁང་གི་བྱང་བུའི་ཨང་གྲངས་སོགས་མི་སྒེར་གྱི་ཆ་འཕྲིན(འཁོར་བདག་བརྗེ་པོ་བརྒྱབ་རུང་ཐེམ་ཐོ་སྒྱུར་བའི་འགྲོ་ལུགས་གཉེར་མེད་པ་རྣམས་ཀྱིས་ངེས་པར་དུ་རང་སྡོད་སའི་སྡེ་ཁུལ་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དཔང་ཡིག་མཁོ་འདོན་བྱེད་དགོས)ཕུལ་ནས་བེད་མེད་དུ་གཏོང་བའི་ཞིབ་མཆན་འགྲོ་ལུཊ་ཆ་ཚང་འབྲི་དགོས་པ་དང་།འབྲེལ་ཡོད་ཚན་པས་ཞིབ་བཤེར་ཆོག་མཆན་སྤྲད་རྗེས། ལས་ཀའི་ཉིན་གྲངས་5ཡི་ནང་ཁ་གསབ་དངུལ་དེ་རེ་ཞུ་བྱེད་མཁན་གྱིས་མཁོ་འདོན་བྱས་པའི་མི་སྒེར་གྱི་དངུལ་ཁང་བྱང་བུའི་ནང་བླུགས་རྒྱུ།

ལྔ་པ། ཚུར་བསྡུའི་ས་ཚིཊ་དང་། འབྲེལ་གཏུག་བྱ་ཐབས། ཚུར་བསྡུའི་དུས་ཚོད།

1.ཁྲེང་ཀོན་ཆུས།ས་ཚིགས་ཁག་གི་ལས་ཀའི་དུས་ཚོད་ནི་ཞོཊ་པའི་ཆུ་ཚོད་09:30ནས་ཕྱི་དྲོའི་ཆུ་ཚོད་18:30བར་ཡིན།(ཞིབ་ཕྲའི་ནང་དོན་རེའུ་མིག་ལ་གཟིགས་རོགས)

2.རྫོང(ཆུས)གཞན་གྱི་ཚུར་བསྡུའི་ས་ཚིགས་ས་གནས་དེ་གའི་འབྲེལ་ཡོད་ཚན་པའི་བཀོད་སྒྲིག་གཞིར་བཟུང་བྱ་རྒྱུ།

དྲུག་པ། ལས་དོན་གཞན་དག་གི་སྐོར།

1.དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རྐྱེན་པས་2025ལོའི་ཟླ་1ཚེས་20ཉིན་ནས་ཟླ་2ཚེས་14ཉིན་བར་ཁྲེང་ཀོན་ཆུས་ཀྱི་ཚུར་བསྡུའི་ས་ཚིགས་ལ་འགྱུར་བ་ཡོད།ཚལ་གུང་ཐང་ཁྲོམ་གཞུང་ས་ཚིགས་དང་། ཉང་བྲན་ཁྲོམ་གཞུང་སྔགས་པ་གླིང་ས་ཚིགས།གླིང་ཕྲན་གཉིས་ཁྲོམ་གཞུང་ཉི་འོད་གླིང་ཕྲན་ལམ་དུམ་དང་པོའི་ས་ཚིགས་བཅས་སུ་ཕེབས་དགོས་པ་དང་། དེ་མིན་གྱི་ཚུར་བསྡུའི་ས་ཚིགས་ཁག་ཟླ་2པའི་ཚེས་14ཉིན་ནས་ལས་སྒོ་གཉེར་རྒྱུ་ཡིན།

2.བཙན་ཤེད་ཀྱིས་བེད་མེད་དུ་གཏོང་བའི་རྩ་དོན་ལྟར། ཐོ་འགོད་བྱས་མེད་པའི་ཚད་བརྒལ་གློག་སྒུལ་སྦག་སྦག་ངེས་པར་དུ་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་ཚུར་བསྡུའི་ས་ཚིགས་སུ་མེད་པར་གཏོང་དགོས་པ་དང་། དེར་ཚུར་བསྡུའི་ཁེ་ལས་ཀྱིས་འཕྲུལ་འཁོར་གྱི་སྒྲོམ་གཞིའི་གནས་ཚུལ་གཞིར་བཟུང་། དེ་མཚུངས་ཀྱི་ཁ་གསབ་འཇལ་རྒྱུ།

3.དམིགས་འཛུགས་ཚུར་བསྡུའི་ས་ཚིགས་སམ་ཡང་ན་བེད་མེད་དུ་གཏོང་བའི་ཆེད་ལས་ཐོབ་ཐང་ལྡན་པའི་ཁེ་ལས་ཀྱི་སར་མེད་པར་གཏོང་བར་མ་ཕྱིན་པའི་རིགས་ལ་སྲིད་གཞུང་གི་ཁ་གསབ་ལོངས་སྤྱོད་བྱེད་མི་ཐུབ།

4.ཁྲོམ་ར་ནས་ཕྱིར་འཐེན་བྱས་པའི་བེད་མེད་དུ་བཏང་ཟིན་པའི(འཁོར་རྟགས་མེད་པའི་གློག་སྒུལ་སྦག་སྦག་ཀྱང་ཚུད་ཡོད)འཁོར་བདག་གིས་བདེ་སྐྱིད་ལྡན་པའི་ལྷ་ས། ཕན་བདེས་ཕྱུག་པའི་འཚོ་བ་ཞེས་པའི་དཔྱིད་གསར་དུས་ཚིགས་ཀྱི་རླངས་འཁོར་ཉོ་བའི་བྱེད་སྒོར་ཞུགས་ཆོག་ཅིང་། དེར་རླངས་འཁོར་ཉོ་བ་དང་། གློག་སྒུལ་རྐང་འཁོར་ཉོ་བ། གློག་སྒུལ་འཁོར་ལོ་གཉིས་ཅན་གྱི་སྦག་སྦག་ཉོ་བ་སོགས་ཅ་ལག་གསར་པ་ཉོ་བའི་ཁ་གསབ་ལོངས་སུ་སྤྱོད་ཆོག(ཞིབ་ཕྲའི་གནས་ཚུལ་ལྷ་སའི་ཚོང་དོན་ཞེས་པའི་འཕྲིན་ཕྲན་སྤྱི་སྟེགས་སམ་དམངས་ཕན་ཀུན་སྒྲུབ་ཀྱི་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུར་གཟིགས་རོགས)

5.གློག་སྒུལ་སྦག་སྦག་ཕྱིར་ཚོང་ཚོང་དུད་ཁག་གིས་གོ་སྐབས་དེ་དང་བསྟུན་ནས་གློག་སྒུལ་སྦག་སྦག་གི་རིན་གོང་སྤར་མི་ཆོག གལ་ཏེ་གནས་ཚུལ་འདི་རིགས་ཐོན་ཚེ་འབྲེལ་ཡོད་ཚན་པས་རྩད་གཅོད་ནན་པོ་བྱ་རྒྱུ་ཡིན།ཐེར་འདོན་གྱི་ཁ་པར་ཨང་གྲངས་ནི་12315ཡིན་པ་དང་། ཐེར་འདོན་ཞིབ་དཔྱད་གཏན་འཁེལ་བྱུང་བའི་གནད་དོན་གཅིག་མཚུངས་ཡིན་ཚེ་ཆེས་ཐོག་མའི་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྒོར་500སྤྲོད་རྒྱུ་ཡིན།

ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་དང་།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས།

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཅས་ནས།

2025ལོའི་ཟླ་1ཚེས་3ཉིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-05 6 6 拉萨日报藏文 c198954.html 1 གྲོང་ཁྱེར་གྱི་ཚད་བརྒལ་གློག་སྒུལ་སྦག་སྦག་ཁྲོམ་ར་ནས་ཕྱིར་འཐེན་བྱེད་པའི་ཁ་གསབ་སྐོར་གྱི་སྤྱི་བསྒྲགས། /enpproperty-->