ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་2ཉིན་ནས་ཚེས་3ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཆེད་དོན་དཔེ་ཀློག་འཛིན་གྲྭའི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཚོགས་འདུའི་ཐོག ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་ཁྲིད་བྱས་པ་རེད།
དཔེ་ཀློག་འཛིན་གྲྭས་གཅིག་སྡུད་སློབ་སྦྱོང་དང་། ཆེད་དོན་ཟུར་ཁྲིད། སྤེལ་རེས་དང་བགྲོ་གླེང་བཅས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་སློབ་སྦྱོང་བྱས་ཤིང་། དགྲ་འདུལ་དང་། ཀྲང་ཏིང་ཁྲེན། ལིན་ཡུང་། ཝང་ཧུའེ། ཞུས་ཧའེ། ཀྲང་ཁྲུན་དབྱང་། སྐལ་བཟང་ཚེ་བརྟན། ཀྲང་ཡུང་ལིན། བཀྲ་ཤིས་དཔལ་སྒྲོན། ཡུའེ་གོ་ཧུང་བཅས་ཀྱིས་སྤེལ་རེས་དང་བགྲོ་གླེང་གནང་བ་དང་། མ་ཝུན་ཆིང་གིས་ཆེད་དོན་ཟུར་ཁྲིད་གནང་བ་རེད།
ཤའོ་ཡིའུ་ཚའེ་ཡིས་ཡན་ཨན་སྤྱོད་ཚུལ་བཅོས་སྒྲིག་བྱ་འགུལ་དེ་འགོ་འཛུགས་སར་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་ཉམས་མྱོང་ལ་ཕྱིར་དྲན་དང་ཕྱོགས་བསྡོམས་གནང་བ་རེད། ཁོང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་དེ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་གི་སྲོག་རྩར་བྱས་ནས་ཏང་འཛུགས་སྐྱོང་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ཡོད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社