分享按钮

ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས།

མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་མེས་རྒྱལ་གྱི་ས་གཞི་ཆེན་པོ་སྔར་བས་ལྗང་མདོག་དང་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱེད་དགོས་ཞེས་ནན་གསུངས་གནང་བ།

ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་འོས་འགན་ཤིང་འཛུཊ་བྱེད་སྒོར་ཞུཊ་པ།

ཟླ་4ཚེས་3ཉིན་གྱི་སྔ་དྲོ། ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཧྥེང་ཐའེ་ཆུས་ཡུང་ཏིང་གཙང་པོའི་འགྲམ་དུ་ཕེབས་ཏེ་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་འོས་འགན་ཤིང་འཛུགས་ནང་ཞུགས་ཤིང་། པར་འདི་ནི་ཞི་ཅིན་ཕིང་གིས་ཚང་མ་དང་ལྷན་དུ་ཤིང་འཛུགས་བཞིན་པའི་རྣམ་པ་ཡིན།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་3ཉིན་གློག་འཕྲིན་འབྱོར་གསལ།ཟླ་4ཚེས་3ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། ཤིང་འཛུགས་ནགས་བཟོ་ནི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་བྱ་སྤྱོད་སྔར་ལས་ལྷག་པར་སྤེལ་བ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་ནགས་བཟོ་སྔོ་འགྱུར་གྱི་ལས་དོན་ནང་ཧུར་ཐག་ཞུགས་པ་དང་། འབྱུང་འཕྲོད་གོང་འཕེལ་གྱི་འདུ་ཤེས་ལག་ལེན་དུ་བསྟར་བ། འབྱུང་ཁམས་རིག་གནས་དར་སྤེལ་གཏོང་བ་བཅས་ཀྱི་ཐོག་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་མེས་རྒྱལ་གྱི་ས་གཞི་སྔར་བས་སྔོ་འགྱུར་དང་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

དྭངས་གསལ་དུས་ཚིགས་ཀྱི་སྐབས་སུ། རྒྱལ་ས་པེ་ཅིང་དུ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ཅིང་། གྲང་བསིལ་བསིལ་གྱི་དཔྱིད་རླུང་དལ་གྱིས་ལྡང་བཞིན་མཆིས། སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ལྷན་དུ་རླངས་འཁོར་ལ་བཞུགས་ནས་ཧྥེང་ཐའེ་ཆུས་ཡུང་ཏིང་གཙང་པོའི་འགྲམ་དུ་ཕེབས་ཏེ་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་འོས་འགན་ཤིང་འཛུགས་ནང་ཞུགས་ཡོད།

ཤིང་འཛུགས་ཡུལ་དེ་ཡུང་ཏིང་གཙང་པོའི་ལྗང་མདོག་ལམ་གྱི་དཔེ་སྟོན་ཁུལ་དུ་གནས་ཡོད། ས་ཁོངས་དེའི་ཆུ་རྒྱུད་ཀྱི་རྣམ་པ་ཕུན་སུམ་ཚོགས་ཤིང་། ཆུ་འགྲམ་དུ་བསྟུད་མར་སྤྱི་ལེ་7གྱི་སར་འབྱུང་ཁམས་ཀྱི་ཁམས་གསོ་དང་སྤྲོ་གསེང་ལུས་སྦྱོང་གི་ནུས་པ་གཉིས་ལྡན་གྱི་ཆུ་འགྲམ་སྔོ་འགྱུར་ཁྱམས་སྐྲུན་བཞིན་ཡོད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-05 ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་འོས་འགན་ཤིང་འཛུཊ་བྱེད་སྒོར་ཞུཊ་པ། ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། 6 6 拉萨日报藏文 c198943.html 1 མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་མེས་རྒྱལ་གྱི་ས་གཞི་ཆེན་པོ་སྔར་བས་ལྗང་མདོག་དང་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱེད་དགོས་ཞེས་ནན་གསུངས་གནང་བ། /enpproperty-->