分享按钮

ཀྲུང་ཁྲེ་སྙེ་མོ་ནུས་ཁུངས་གསར་པ་སྒྲིག་ཆས་ཐོན་ལས་གླིང་གི་རླུང་གློག་འཕྲུལ་འཁོར་ཐོག་མ་ཐོན་སྐྱེད་བྱེད་འགོ་ཚུགས་ནས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བཏོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ཀྲུང་ཁྲེ་སྙེ་མོ་ནུས་ཁུངས་གསར་པ་སྒྲིག་ཆས་ཐོན་ལས་གླིང་དུ་དར་ཚོན་སྣ་ལྔ་འཐེན་པ་དང་ཐལ་མོའི་རྡེབ་སྒྲས་ཁེངས་ཤིང་། དེ་རུ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་རླུང་གློག་འཕྲུལ་འཁོར་ཐོག་མ་ཐོན་སྐྱེད་བྱེད་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད། དེའི་ཐོག་ནས་ཀྲུང་ཁྲེ་སྙེ་མོ་ནུས་ཁུངས་གསར་པ་སྒྲིག་ཆས་ཐོན་ལས་གླིང་དེ་རླུང་གློག་འཕྲུལ་འཁོར་ཐོན་སྐྱེད་ནུས་ལྡན་བྱེད་པའི་དུས་མཚམས་གསར་པར་དངོས་སུ་སླེབས་པ་མཚོན་པ་དང་། སྙེ་མོ་རྫོང་གི་ནུས་ཁུངས་གཙང་མའི་སྒྲིག་ཆས་བཟོ་སྐྲུན་ཁྱབ་ཁོངས་སུ་འཕེལ་རྒྱས་ཀྱི་འགྲོ་ལམ་གསར་རྐྱང་ཞིག་བཏོད་ཡོད་པར་མ་ཟད། ས་གནས་དེ་གའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་ཞིག་ཀྱང་བསྣན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ཀྲུང་ཁྲེ་སྙེ་མོ་ནུས་ཁུངས་གསར་པ་སྒྲིག་ཆས་ཐོན་ལས་གླིང་ལ་སྐབས་དང་པོར་མ་དངུལ་སྒོར་ཁྲི་1000བཏང་བ་དང་། བཟོ་གྲྭའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་4.3ཟིན་ནས་ཀྲའོ་ཝ་5དང་དེའི་ཡན་གྱི་རླུང་གློག་འཕྲུལ་འཁོར་ཆེ་གྲས་ཀྱི་ཐོན་སྐྱེད་བཟོ་སྐྲུན་ཐད་བློ་རྩེ་གཅིག་སྒྲིམ་གྱིས་འབད་བརྩོན་བྱེད་བཞིན་ཡོད་པ་རེད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-05 6 6 拉萨日报藏文 c198941.html 1 ཀྲུང་ཁྲེ་སྙེ་མོ་ནུས་ཁུངས་གསར་པ་སྒྲིག་ཆས་ཐོན་ལས་གླིང་གི་རླུང་གློག་འཕྲུལ་འཁོར་ཐོག་མ་ཐོན་སྐྱེད་བྱེད་འགོ་ཚུགས་ནས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བཏོད་པ། /enpproperty-->