分享按钮

ཆུ་ཤུར་སྲོག་ཆགས་གླིང་དང་ཚལ་སྣེ་དེང་རབས་ཞིང་ལས་གླིང་གིས་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་སྐུ་ཉིད་སྤྲོ་གསེང་དུ་ཕེབས་རྒྱུར་དགའ་བསུ་ཞུ།

པར་འདི་ནི་ཆུ་ཤུར་སྲོག་ཆགས་གླིང་དུ་ཡོད་པའི་གཡི་ཚ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་།གྲོང་མི་མང་པོ་ཞིག་གུང་གསེང་དུ་བག་ཕེབས་དང་སྤྲོ་སྣང་ལྡན་པའི་ངང་ཐག་ཉེ་སར་ཡུལ་སྐོར་སྤྲོ་གསེང་ལ་ཕེབས་འདོད་ཡོད་པ་རེད།ལྷ་ས་གྲོང་ཁྱེར་དང་བར་ཐག་ཆུ་ཚོད་གཅིག་ཙམ་ཡོད་པའི་ཆུ་ཤུར་སྲོག་ཆགས་གླིང་དང་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་ནི་ཡུལ་སྐོར་བྱ་ཡུལ་གྱི་གདམ་ག་ལེགས་པོ་ཞིག་ཏུ་གྱུར་ཡོད།དེ་གར་སྙིང་རྗེ་བའི་སྲོག་ཆགས་འདྲ་མིན་ལ་བལྟ་ཐུབ་ལ།འཐུ་བའི་སྤྲོ་སྣང་དང་བོད་ལུགས་ཀྱི་བདེ་སྲུང་རིག་གནས་ཀྱང་ཉམས་ལེན་བྱེད་ཐུབ་པས།གུང་གསེང་ལ་ཐུན་མོང་མ་ཡིན་པའི་སྤྲོ་སྣང་ཞིག་སྦྱིན་ཐུབ།

ཆུ་ཤུར་སྲོག་ཆགས་གླིང་ནི་བོད་རང་སྐྱོང་ལྗོངས་ཀྱི་སྲོག་ཆགས་གླིང་ཆེ་གྲས་དང་པོ་ཞིག་ཡིན་པའི་ངོས་ནས་ས་ཆ་ཧ་ཅང་རྒྱ་ཆེན་པོ་ཡོད་ཅིང་།དེར་རྩ་ཆེའི་སྲོག་ཆགས་འགྲེམས་སྟོན་ཁུལ་དང་།རི་སྐྱེས་སྲོག་ཆགས་ཁུལ།གཅན་གཟན་གཏུམ་པོ་ཁུལ་སོགས་ཁུལ་མང་པོ་ཡོད་པ་དང་།རིགས་38ཀྱི་སྲོག་ཆགས་མགོ་གྲངས་349གསོ་ཚགས་བྱེད་ཀྱི་ཡོད་པས་སྤྲོ་གསེང་ལྟ་སྐོར་དང་ཚན་རིག་ཁྱབ་གདལ་གྱི་སློབ་གསོ་བྱ་ཡུལ་ཡག་པོ་ཞིག་རེད། ཟླ་4ཚེས་3ཉིན་གསར་འགོད་པ་ཆུ་ཤུར་སྲོག་ཆགས་གླིང་དུ་བསྐྱོད་པ་ཡིན།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-05 6 6 拉萨日报藏文 c198940.html 1 ཆུ་ཤུར་སྲོག་ཆགས་གླིང་དང་ཚལ་སྣེ་དེང་རབས་ཞིང་ལས་གླིང་གིས་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་སྐུ་ཉིད་སྤྲོ་གསེང་དུ་ཕེབས་རྒྱུར་དགའ་བསུ་ཞུ། /enpproperty-->