བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གོ་སྐབས་ཀྱིས་ཕྱུག་པའི་ཀྲུང་གོ·མཛེས་སྡུག་ལྡན་པའི་བོད་ལྗོངས་ཞེས་པའི་རྒྱལ་སྤྱིའི་ཁྱབ་སྤེལ་བྱེད་སྒོ་དང་ཆེས་མཛེས་སྡུག་ལྡན་པའི་བོད་ཀྱི་བྱ་སྤྱོད་ཅེས་པའི་སྤྱི་ཕན་ཁྱབ་སྤེལ་མཉམ་འབྲེལ་བྱ་སྤྱོད་ལྷ་སར་དངོས་སུ་སྤེལ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་དེ་2025ལོའི་ལོ་མཇུག་བར་མུ་མཐུད་ནས་སྤེལ་རྒྱུ་ཡིན་ཞིང་། བོད་ཀྱིའབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་ཀྱི་གྲུབ་འབྲས་ལ་དམིགས་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་དང་སྤྱི་ཕན་བྱ་སྤྱོད་ཟུང་འབྲེལ་བྱེད་པའི་བྱ་ཐབས་བརྒྱུད་ནས་བོད་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་འཛམ་གླིང་ལ་ངོམ་སྟོན་བྱ་རྒྱུ་དེ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆེས་མཛེས་སྡུག་ལྡན་པའི་བོད་ཀྱི་བྱ་སྤྱོད་ཅེས་པའི་སྤྱི་ཕན་ཁྱབ་སྤེལ་མཉམ་འབྲེལ་བྱ་སྤྱོད་ཀྱིས་འབྱུང་ཁམས་སྲུང་སྐྱོང་ལྟེ་བར་བྱས་ནས་མང་ཚོགས་ཞུགས་པ་དང་རྒྱལ་སྤྱིའི་མཉམ་ལས་གཙོ་བོར་བྱས་ཡོད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社